མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ངེས་པར་དུ་གང་མགྱོགས་སྒོས་སི་རི་ཡཱའི་ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ་དགོས་པ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་ཨུ་རུ་སིའི་ཙུང་ཐུང་གི་ཀྲུང་ཏུང་གནད་དོན་གྱི་ཆེད་མངག་ཕོ་ཉ། ཕྱི་འབྲེལ་བློན་ཆེན་གཞོན་པ་པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་སྤྱི་ཟླ4བའི་ཚེས27ཉིན་པེ་རུ་ཐི་ནས་ནན་གྱིས་བསྟན་དོན། ངེས་པར་དུ་གང་མགྱོགས་ཀྱིས་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་སི་རི་ཡཱའི་ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ་ཏུ་འཇུག་དགོས་ཟེར།

པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་ཉིན་དེར་ལེ་པཱ་ནུན་གྱི་ཆབ་སྲིད་ལས་རིགས་དང་ཏང་ཁག་གི་མགོ་ཁྲིད་པར་ཐུག་འཕྲད་བྱས་རྗེས་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་ཏེ། ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་ཉམས་ཉེན་དེ་དུས་ཡུན་རིང་བོར་ཐག་གཅོད་བྱེད་མ་ཐུབ་ན། སི་རི་ཡཱ་དང་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོའི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ཀྱི་འགལ་བ་སྔར་ལས་ཇེ་ཆེར་འགྲོ་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་པས། ངེས་པར་དུ་སྔ་མོ་ནས་ཁྲག་བཞུར་འཁྲུག་རྩོད་དེ་མཇུག་སྒྲིལ་དུ་བཅུག་ནས་སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར།

པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ལ། མི་གང་རུང་གིས་སི་རི་ཡཱའི་རྒྱལ་ཁོངས་ནས་སི་རི་ཡཱའི་ལས་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་སྲིད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་མི་རྣམས་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཆབ་སྲིད་ཐད་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་། དོན་དེར་འབྲེལ་བ་མེད་པའི་མི་རྣམས་ཀྱིས་དེའི་ཐད་ནས་ཁོ་ཚོར་རོགས་རམ་བྱེད་དགོས་པའི་འདོད་བློ་བཅངས་ཡོད་ཟེར།

པའོ་ཀི་ཏན་ནོའུ་ཧྥུའུ་འཁོར་དང་བཅས་པའི་ཚེས25ཉིན་པེ་རུ་ཐི་རུ་འབྱོར་ནས་ལེ་པཱ་ནུན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་དང་། འཚམས་འདྲི་བྱེད་སྐབས་པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་སོ་སོར་ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་དང་། ཕྱི་འབྲེལ་བློན་ཆེན་མན་སུའུ་ཨར་སོགས་དང་གྲོས་མོལ་བྱས་པ་དང་། གཙོ་བོ་སི་རི་ཡཱའི་ཉམས་ཉེན་དང་ལེ་པཱ་ནུན་གྱི་གནས་བབ། དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག