ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་ཙུང་ཐུང་བཞུགས་ཤག་གིས་བསྟན་དོན། གསར་དུ་འགན་ཁུར་བའི་ཙུང་ལི་ལེ་ཐཱ་ཡིས་སྤྱི་ཟླ4བའི་ཚེས27ཉིན་གྱི་ཕྱི་དྲོར་ཙུང་ཐུང་ནཱ་པའོ་ལེ་ཐཱ་ནོའུ་ལ་ཐུག་འཕྲད་བྱེད་རྒྱུ་རེད་ཟེར།
དབྱི་ཐཱ་ལེའི་ཙུང་ཐུང་བཞུགས་ཤག་གི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨིན་ལི་ཁི་ལེ་ཐཱ་ཡིས་ཚེས27ཉིན་གྱི་ཕྱི་དྲོར་ཙུང་ཐུང་ནཱ་པའོ་ལེ་ཐཱ་ནོའུ་ལ་ཐུག་འཕྲད་བྱེད་རྒྱུ་ཡིན་པ་དང་། དེའི་སྔོན་ལེ་ཐཱ་ཡིས་ཁོ་ཡོད་སའི་དབུས་གཡས་ཕྱོགས་ཁག་དམངས་གཙོ་ཏང་ཁྲིད་དེ་སྔོན་ཆད་ཀྱི་ཙུང་ལི་པེ་ལུའུ་སི་ཁི་ནེ་ཡིས་སྣེ་ཁྲིད་པའི་གཡས་ཕྱོགས་མི་དམངས་ཏང་དབང་ཏང་བར་གྲོས་མོལ་རབ་དང་རིམ་པ་བྱས།
ལེ་ཐཱ་ད་ལོར་ལོ46ཡིན་པ་དང་། སྔོན་ཆད་དབྱི་ཐཱ་ལེའི་དབུས་གཡས་ཕྱོགས་ཁག་གི་སྲིད་འཛིན་ཏང་དམངས་གཙོ་ཏང་གི་ཧྲུའུ་ཅི་གཞོན་པ་དང་། དེ་མིན་དབྱི་ཐཱ་ལེའི་སྲིད་གཞུང་གི་ཡོ་རོབ་གླིང་མནའ་འབྲེལ་སྲིད་ཇུས་པུའུ་ཀྲང་། བཟོ་ལས་དང་ཉོ་ཚོང་པུའུ་ཀྲང་སོགས་ཀྱི་འགན་ཁུར་མྱོང་།
དབྱི་ཐཱ་ལེའི་ཙུང་ཐུང་ནཱ་པའོ་ལེ་ཐཱ་ནོའུ་ཡིས་ཚེས24ཉིན་ལེ་ཐཱ་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལི་ལ་བསྐོ་འཇོག་བྱས་ཏེ་སྲིད་གཞུང་གསར་བ་རྩ་འཛུགས་བྱས་པ་རེད། །