མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅཱ་ལེ་པུས་ས་ཆའི་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་ལྔ་བ་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-27 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅཱ་ལེ་པུས་ས་ཆའི་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་ལྔ་བ་སྤྱི་ཟླ4བའི་ཚེས26ཉིན་ཧེ་ཐིའི་རྒྱལ་ས་རྒྱལ་སྲས་གྲུ་ཁའི་གྲོས་ཚོགས་ལྟེ་གནས་ནས་ཚོགས་མགོ་བརྩམས། ཧེ་ཐི་དང་བཅས་པའི་རྒྱལ་ཁབ15ཡི་སྲིད་གཞུང་གི་མགོ་གཙོ་ཚོག་ས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཧེ་ཐིའི་ཙུང་ཐུང་མཱ་ཨར་ཐེ་ལེ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཅཱ་ལེ་པུས་ས་ཁུལ་དུ་སྤྱི་ཚོགས་དང་དཔལ་འབྱོར། ཁོར་ཡུག་སོགས་ཀྱི་གནད་དོན་རབས་དང་རིམ་པ་བྱུང་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་དེའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ས་ཁུལ་གྱི་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། སྔར་ལས་སྟོབས་དང་ལྡན་ཞིང་སྔར་ལས་མཐུན་སྒྲིལ་ཡིན་པའི་ཅཱ་ལེ་པུས་ས་ཁུལ་ཞིག་བཙུགས་ནས། ས་ཁུལ་དེའི་རྒྱལ་སྤྱིའི་གར་སྟེགས་སྟེང་གི་ཤུགས་རྐྱེན་ཇེ་དྲག་ཏུ་གཏོང་དགོས་ཟེར།

སྐབས་འདིའི་མགོ་གཙོའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཅིག་ཡིན་པ་དང་། ཚོགས་ཞུགས་མཁན་དག་གིས་གཙོ་བོ་ཇི་ལྟར་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་པ་དང་། ས་ཁུལ་གྱི་གཞི་གཅིག་ཅན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་བར་ཤུགས་སྣོན་པ་སོགས་གྲོས་གཞི་དང་། མིག་སྔའི་སྤྱི་ཚོགས་དང་དཔལ་འབྱོར། ཁོར་ཡུག་སོགས་ཀྱི་གནད་དོན་ཧུར་ཐག་སྒོས་ཐག་གཅོད་བྱེད་པ་སོགས་གནད་དོན་ལ་གྲོས་མོལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག