མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པའོ་ཧེ་མུའུ་ཁི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་འཛིན་བཟུང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-27 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ཧེའི་ཞིབ་དཔྱོད་སྡེ་ཁག་གི་དཔོན་རིགས་ཀྱིས་སྤྱི་ཟླ4བའི་ཚེས26ཉིན་བཤད་རྒྱུར། པའོ་ཧེ་མུའུ་ཁི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་པུའུ་ཏིས་མུས་ཨར་ལྐོག་རྔན་བླངས་པར་དོགས་པ་ཡོད་པས་ཉིན་དེར་སཱ་ལཱ་རི་བོ་ནས་འཛིན་བཟུང་བྱས་ཟེར།

པའོ་ཧེའི་རྒྱལ་ཁབ་རྟོག་ཞིབ་བདེ་སྲུང་ཅུའུ་ཡིས་ཉིན་དེར་འགུལ་སྐྱོད་སྤེལ་ཏེ། གློ་བུར་དུ་པུའུ་ཏིས་མུས་ཨར་གྱི་སཱ་ལཱ་རི་བོ་རུ་ཡོད་པའི་གཞུང་སྒྲུབ་ཁང་དང་། མའོ་སི་ཐཱ་ཨར་གྲོང་ཁྱེར་དུ་ཡོད་པའི་མུའུ་ཁི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་གཞུང་སྒྲུབ་ཁང་ལ་ཞིབ་བཤེར་བྱས། པུའུ་ཏིས་མུའུ་ཨར་ལས་གཞན་ད་རུང་མུའུ་ཁི་རྒྱལ་ཕྲན་མཉམ་འབྲེལ་གྱི་དཔོན་པོ་བཅུ་དགུ་འཛིན་བཟུང་བྱས་པ་རེད། དེ་ནི་པའོ་ཧེ་རྒྱལ་ཁབ་དུས་རབས་སྔོན་མའི་ལོ་རབས90བར་རང་བཙན་བྱས་པའི་ཚུན་ལ་དཔོན་གནས་ཆེས་མཐོ་བའི་རུལ་སུངས་ངོ་རྒོལ་གྱི་འགུལ་སྐྱོད་ཅིག་རེད།

པའོ་ཧེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། པུའུ་ཏིས་མུས་ཨར་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་གྱིས་ཉེས་ཅན་སྐོར་ཞིག་སྲོག་ཐར་དུ་བཏང་བར་དོགས་པ་ཡོད། མུའུ་ཁི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གཞོན་པ་ཁའེ་པའོ་ཡིས་ཚེས26ཉིན་བཤད་རྒྱུར། ཁོས་ནག་ཉེས་རེ་འགའ་སྲོག་ཐར་དུ་བཏང་བའི་འགྲོ་ལུགས་དེ་ཁྲིམས་འགལ་ཡིན་པར་དོགས་པ་ཟ་བཞིན་ཡོད་ལ། སྔོན་ལ་མུའུ་ཁི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་ཁྲིམས་ཁྲིམས་ཁང་ལ་གྲོས་ཞིབ་བྱེད་རྒྱུའི་རེ་བ་བཏོན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག