ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ4བའི་ཚེས26ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། བྷང་ག་ལཱ་རྒྱལ་ཁབ་ཀྱི་རྒྱལ་ས་ཏཱ་ཁཱའི་ཉེ་འདབས་ཀྱི་སཱ་ཝར་གྲོང་རྡལ་ནས་ཚེས24ཡི་ཉིན་བྱུང་བའི་ཐོག་ཁང་རྡིབས་པའི་དོན་རྐྱེན་ལ་མི་ལ་ཤི་རྨས་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན།
ཕན་ཅི་བུན་གྱིས་གསལ་སྒྲོག་ནང་བྷང་ག་ལཱ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པར་མ་ཟད། དོན་རྐྱེན་དེའི་ཁྲོད་གནོད་པ་ཐེབས་པའི་མི་རྣམས་ལ་སྙིང་བརྩེ་བས་འཚམས་འདྲི་བྱས། ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ངེས་མེད་དུ་དོན་རྐྱེན་དེའི་ཐད་རོགས་རམ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
བྷང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས26ཉིན་བདེན་དཔང་བྱས་དོན། བྷང་ག་ལཱ་རྒྱལ་ཁབ་ཀྱི་རྒྱལ་ས་ཏཱ་ཁཱའི་ཉེ་འདབས་ཀྱི་སཱ་ཝར་གྲོང་རྡལ་དུ་ཚེས224ཉིན་བྱུང་བའི་ཐོག་ཁང་རྡིབས་པའི་དོན་རྐྱེན་ལས་མི304རྐྱེན་ལམ་དུ་ཤོར་བ་དང་། མི2000ལྷག་ལ་རྨས་ཕོག་ཟེར། དེ་ནི་བྷང་ག་ལཱའི་ལོ་རྒྱུས་སྟེང་ཆེས་ཚབས་ཆེ་བའི་ཐོག་ཁང་རྡིབས་པའི་དོན་རྐྱེན་ཞིག་རེད།