ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་སྤྱི་ཟླ4བའི་ཚེས26ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ལཱ་ཆི་ནས་ཉིན་དེའི་དགོང་མོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི11རྐྱེན་ལམ་དུ་ཤོར་བ་དང་། མི40ལྷག་ལ་རྨས་ཕོག་ཟེར།
འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་དང་ཉེན་རྟོག་ཕྱོགས། རྒུད་སྐྱོབ་མི་སྣ་བཅས་དོན་རྐྱེན་བྱུང་སར་འབྱོར་ནས་ཤི་རྨས་ཐེབས་པའི་མི་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ། དེའི་ནང་རྨས་མ5ཡི་རྨས་སྐྱོན་ཧ་ཅང་ཚབས་ཆེ་ཟེར། སྨན་ཁང་ཕྱོགས་ཀྱིས་བཤད་རྒྱུར། གཞན་ཡང་མི15ཡི་རྨས་སྐྱོན་ཚབས་ཆེན་ཡིན་པས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། །