མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་གྱིས་ལོ་མཇུག་གི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་གཏུག་གྲོས་ཆོད་འགོད་པར་རེ་བ་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-27 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་བུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ཀྲ་ལཱ་ཡིས་ཚེས26ཉིན་ཝེ་ཡེ་ནཱ་ནས་བསྟན་དོན། བུའུ་ཁི་ལན་གྱིས་ད་ལོའི་སྤྱི་ཟླ11པར་དུས་ལྟར་ཡོ་རོབ་གླིང་མནའ་འབྲེལ་བར་བརྟན་འཇགས་དང་འབྲེལ་གཏུག་གྲོས་ཆོད་འགོད་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཁི་ཀྲ་ལཱ་ཡིས་ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་བློན་ཆེན་ཧྲི་པེན་ཏི་ལེ་ཀི་དང་གྲོས་མོལ་བྱས་རྗེས་བཤད་རྒྱུར། བུའུ་ཁི་ལན་གྱིས་འབད་བརྩོན་གང་ལེགས་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཏོན་པའི་ཚད་གཞི་སྣ་ཚོགས་བསྐང་ཅི་ཐུབ་བྱེད་རྒྱུ་ཡིན་ཟེར།

ཧྲི་པེན་ཏི་ལེ་ཀི་ཡིས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་བུའུ་ཁི་ལན་གྱིས་འབྲེལ་གཏུག་གྲོས་ཆོད་འགོད་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཨོ་སི་ཁྲུ་ལི་ཡཱ་དང་བུའུ་ཁི་ལན་གྱི་དཔལ་འབྱོར་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། མིག་སྔར་བུའུ་ཁི་ལན་དུ་ཨོ་སི་ཁྲུ་ལི་ཡཱའི་ཁེ་ལས་ཧ་ལམ250ཙམ་ཡོད་པ་དང་། ཁ་གྲངས་དེ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་བར་རེ་བས་ཁེངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག