མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་ཚད་གཞི་གཉིས་ལྡན་ལག་བསྟར་བྱས་པར་སྐྱོན་འཛུགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས25ཉིན་གྱི་ཉིན་གུང་གི་དུས་ཚོད12སྟེང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སིའི་བརྙན་འཕྲིན་ཁང་དང་རྒྱང་སྒྲོག་ཁང་འགའི་ཐད་གཏོང་རྣམ་པ་བརྒྱུད་དེ་མང་ཚོགས་དང་གྲོས་མོལ་བྱས་པ་དང་། ཡུལ་དངོས་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་སྣ་ཚོགས་ལ་ལན་བཏབ།

ཨུ་རུ་སིའི་ཙུང་ཐུང་དང་ཙུང་ལིའི་འགན་ཁུར་བའི་སྐབས་སུ། ཐད་གཏོང་ལེ་ཚན་དེ་ཕུའུ་ཅིན་གྱིས་མང་ཚོགས་བར་བརྗེ་རེས་བྱེད་པའི་ཐབས་ལམ་བཟང་བོ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་ཕུའུ་ཅིན་གྱིས་ཐེངས་བཅུ་གཅིག་པར་ཐད་གཏོང་ལེ་ཚན་བརྒྱུད་དེ་མང་ཚོགས་བར་གྲོས་མོལ་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ལེ་ཚན་མགོ་མ་བརྩམས་གོང་། ཁ་པར་སྣེ་ལེན་ཁང་དུ་མང་ཚོགས་ཀྱི་ཁ་པར་འབུམ5ཙམ་འབྱོར་བ་རེད། ཉིན་དེར་ཕུའུ་ཅིན་གྱིས་ཐད་གཏོང་ལེ་ཚན་ལས་བསྡོམས་པས་གནད་དོན58ལ་ལན་བཏབ་པ་དང་། རྒྱལ་དམངས་དང་མཉམ་དུ་དུས་ཚོད4དང་སྐར་མ47རིང་ཁ་བརྡ་བྱས་ཏེ། ཡང་བསྐྱར་རང་ཉིད་ཀྱི་ཟིན་ཐོ་ལས་བརྒལ་བ་རེད། མང་ཚོགས་དང་ཁ་བརྡ་བྱེད་སྐབས་ཕུའུ་ཅིན་གྱིས་རྒྱལ་སྤྱི་དང་རྒྱལ་ནང་གི་གནད་དོན་མང་བོ་རྒྱས་བཤད་བྱས།

ཕུའུ་ཅིན་གྱིས་འཇིགས་སྐུལ་ཉེས་ཅན་གྱིས་རང་རྒྱལ་དུ་དམར་གསོད་ཀྱི་ནག་ཉེས་ཆེན་པོ་བཟོས་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཁོ་ཚོ་ནི་འོས་ལངས་མཁན་ཡིན་པར་བརྗོད་ཀྱིན་ཡོད་ཅེས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཚད་གཞི་གཉིས་ལྡན་ལག་བསྟར་བྱས་པར་སྐྱོན་འཛུགས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག