མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོའི་བར་གྲོས་མོལ་བྱས་ཏེ་ལྷོ་ཕྱོགས་རྒྱ་མཚོའི་གྲོས་གཞིར་གླེང་འདོད་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུན་ལེ་རྒྱལ་ཁབ་ཀྱི་རྒྱལ་ས་སི་ལི་པཱ་ཅཱ་ཝན་གྲོང་ཁྱེར་ནས་བསྡུས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཀྱིས་དུས་ཡུན་གཉིས་ཀྱི་གྲོས་རིམ་ཡོངས་འགྲུབ་བྱས་ཏེ་སྤྱི་ཟླ4བའི་ཚེས25ཉིན་གྲོལ། གྲོས་ཚོགས་ནས་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་ཐད་ནས་ཀྲུང་གོས་སྔ་མོ་ནས་བཅའ་ཁྲིམས་ཀྱི་ཚད་བཀག་ལྡན་པའི་བྱ་སྤྱོད་སྒྲིག་སྲོལ་བཀོད་དེ་རྩོད་གླེང་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ན་ནིང་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འདོད་བློ་མི་གཅིག་ཀྱང་ཐེངས་འདིར་མཐུན་སྒྲིལ་ལ་ཤུགས་སྣོན་པའི་ཐད་གྲུབ་འབྲས་ཐོབ།

ཨེ་ཤ་ཡཱ་ཤར་ལྷོའི་མགོ་ཁྲིད་པ་དག་གིས་ཚེས25ཉིན་ཀྲུང་གོའི་བར་བྲེལ་མྱུར་གྲོས་མོལ་བྱས་ཏེ། ཀྲུང་གོའི་ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་ཐད་ནས་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་པའི་མངའ་ཁོངས་རྩོད་གླེང་སྔར་ལས་ཚབས་ཆེན་དུ་མི་འགྱུར་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག