མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་ཁྲའོ་ཞན་དང་མཉམ་དུ་ཁའེ་ཁྲིན་བཟོ་ལས་ར་བའི་གནད་དོན་ལ་གྲོས་མོལ་བྱེད་འདོད་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཡི་མགྲིན་ཚབ་པ་ཅིན་ཅོང་ཞེ་ཡིས་སྤྱི་ཟླ4བའི་ཚེས25ཉིན་བྲེལ་མྱུར་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཁའེ་ཁྲིན་བཟོ་ལས་ར་བར་ཡོད་པའི་ཧན་གོའི་མི་སྣའི་འཚོ་བའི་གནད་དོན་ཐག་གཅོད་བྱེད་པ་དང་། གང་མགྱོགས་སྒོས་ཁའེ་ཁྲིན་བཟོ་ལས་ར་བའི་རྒྱུན་ལྡན་འཁོར་སྐྱོད་སླར་གསོ་བྱེད་ཆེད། ཧན་གོའི་སྲིད་གཞུང་གིས་དངོས་སུ་ཁྲའོ་ཞན་དབང་འཛིན་ལས་ཁུངས་ལ་ཧན་གོ་དང་ཁྲའོ་ཞན་སྲིད་གཞུང་བར་གྱི་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པར་མ་ཟད། ཁྲའོ་ཞན་གྱིས་ཚེས་ཉེར་དྲུག་ཉིན་གྱི་ཉིན་གུང་གི་སྔོན་ལ་དོན་དེར་ལན་སྟེར་དགོས་པའི་རེ་བ་བཏོན།

ཅིན་ཅོང་ཞེ་ཡིས་བཤད་རྒྱུར། ཁའེ་ཁྲིན་བཟོ་ལས་ར་བའི་བརྟན་འཇགས་འཁོར་སྐྱོད་སྲུང་འཛིན་བྱེད་པ་ནི་ཧན་གོའི་སྲིད་གཞུང་གི་ནམ་རྒྱུན་གྱི་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན་པ་དང་། གལ་ཏེ་ཁྲའོ་ཞན་དབང་འཛིན་ལས་ཁུངས་ཀྱིས་ཧན་གོའི་ཕྱོགས་ཀྱིས་བཏོན་པའི་ཧན་གོ་དང་ཁྲའོ་ཞན་སྲིད་གཞུང་བར་གྱི་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་ཁས་ལེན་མ་བྱས་ན། ཧན་གོའི་ཕྱོགས་ཀྱིས་བྱེད་ཐབས་གལ་ཆེན་ལག་བསྟར་མི་བྱེད་ཐབས་མེད་རེད་ཟེར་ཡང་། ཁོས་བྱེད་ཐབས་གལ་ཆེན་གྱི་ནང་དོན་བྱེ་བྲག་ཏུ་གསལ་བཤད་མ་བྱས།

ཅིན་ཅོང་ཞེ་ཡིས་ད་རུང་བསྟན་དོན། སྔ་ཉིན་ཧན་གོའི་ཕྱོགས་ཀྱིས་ཁྲའོ་ཞན་གྱི་ཁའེ་ཁྲིན་བཟོ་ལས་ར་བའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁང་དང་ཁྲའོ་ཞན་ཀྲུང་དབྱང་དམིགས་བསལ་ས་ཁུལ་གསར་སྤེལ་སྤྱི་ཁྱབ་ཅུའུ་ལ་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པར་མ་ཟད། ཁྲའོ་ཞན་གྱིས་ཧན་གོའི་མི་སྣ་འགས་ཁྲའོ་ཞན་དུ་འཚམས་འདྲི་བྱེད་པར་ཆོག་མཆན་འགོད་དགོས་པའི་རེ་བ་བཏོན། དེ་ནི་ཆེས་མ་མཐའི་མི་ཆོས་རིང་ལུགས་ཀྱི་བྱེད་ཐབས་ཤིག་ཡིན་ཡང་། ཁྲའོ་ཞན་གྱིས་གྲོས་མོལ་བྱེད་རྒྱུ་ཁས་ལེན་མ་བྱས་པར་མ་ཟད། ཡིག་ཆ་ཡང་དང་ལེན་མ་བྱས་པས་ཧན་གོ་སྲིད་གཞུང་དོན་དེར་འཕང་སེམས་ཆེན་པོ་སྐྱེས་ཡོད་ཟེར།

དབྱེ་ཞིབ་མི་སྣས་བལྟས་ན། གལ་ཏེ་ཁའེ་ཁྲིན་བཟོ་ལས་ར་བའི་སྒོ་བརྒྱབ་ནས་དུས་ཡུན་རིང་བོ་འགོར་ཡང་། ཁྲའོ་ཞན་གྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ར་བའི་རྒྱུན་ལྡན་བྱ་བ་སླར་གསོ་མ་བྱས་ན། ཧན་གོའི་ཕྱོགས་ཀྱིས་ར་བར་བསྡད་ཡོད་པའི་ཧན་གོའི་མི་ཚང་མ་ཕྱིར་འཐེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་ངེས་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག