མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་ཧན་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་ཏེ་ཨན་པའེ་ཅིན་སན་གྱི་ནོར་འཁྲུལ་གྱི་གཏམ་བཤད་སྤེལ་བར་ངོ་རྒོལ་དྲག་པོ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:15

1.jpg

  ཧན་གོའི་ཕྱི་འབྲེལ་པུའུ་ཡི་དཔོན་པོ་གཞོན་པ་ཞིག་གིས་སྤྱི་ཟླ4བའི་ཚེས25ཉིན་ཧན་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་པའེ་སོ་ཧའོ་ལིང་ལ་ཐུག་འཕྲད་བྱས།

2.jpg

ཧན་གོ་དང་འཇར་པན་གྱི་རྩོད་གཞིར་གྱུར་བའི་ཏུའུ་ཏའོ་གླིང་ཕྲན་གྱི་པར་རིས་རྒྱུ་ཆ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཕྱི་འབྲེལ་པུའུ་ཡི་དཔོན་པོ་གཞོན་པ་ཞིག་གིས་སྤྱི་ཟླ4བའི་ཚེས25ཉིན་ཧན་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་པ་པའེ་སོ་ཧའོ་ལིང་ལ་ཐུག་འཕྲད་བྱས་ཏེ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་འཇར་པན་གྱི་བཙན་འཛུལ་ལོ་རྒྱུས་ལ་དོགས་པ་ཡོད་པའི་གཏམ་བཤད་སྤེལ་བ་དང་། འཇར་པན་གྱི་སྲིད་འཛིན་དཔོན་པོ་མང་བོས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པའི་ཐད་ནས་དངོས་སུ་རྒོལ་གཏམ་དྲག་པོ་བཏང་།

  ཧན་གོའི་སྲིད་འཛིན་ཏང་གི་གཙོ་འཛིན་ཧོང་ཡུག་ལོས་ཀྱིས་ཉིན་དེར་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇར་པན་གྱིས་ལོ་རྒྱུས་འཁྱོག་བརྗོད་བྱེད་པའི་གྲོས་ཆོད་ལ་རྒོལ་གཏམ་གཏོང་བར་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

  ཧན་གོའི་ཕྱི་འབྲེལ་པུའུ་ཡི་དཔོན་པོ་གཞོན་པ་ཅིན་ཁོས་ཞན་གྱིས་ཉིན་དེའི་སྔ་དྲོར་པའེ་སོ་ཧའོ་ལིང་ལ་ཐུག་འཕྲད་བྱས་ཏེ། ཨན་པའེ་ཅིན་སན་གྱི་གཏམ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་། པའེ་སོ་ཧའོ་ལིང་གིས་བཤད་རྒྱུར། འཇར་པན་སྲིད་གཞུང་ལ་ཧན་གོའི་ཕྱོགས་ཀྱི་ལངས་ཕྱོགས་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཟེར།

  ཅིན་ཁོས་ཞན་གྱིས་བཤད་རྒྱུར། དེ་རིང་སྔ་དྲོར་ཁྱོད་ལ་ཐུག་འཕྲད་བྱས་པ་ནི་འཇར་པན་སྲིད་གཞུང་དང་ཆབ་སྲིད་མི་སྣས་ལོ་རྒྱུས་འཁྱོག་བརྗོད་ཀྱི་གཏམ་བཤད་སྤེལ་བར་ཡིད་འཕང་བའི་བསམ་ཚུལ་སྟོན་པའི་ཆེད་དུ་ཡིན། འཇར་པན་ཕྱོགས་ཀྱིས་རྣམ་དག་གིས་འདས་སོང་ཁས་ལེན་པ་དང་། ནོར་འཁྲུལ་གྱི་འདུ་ཤེས་དང་གཏམ་བརྗོད་ལེགས་བསྒྱུར་བྱས་ཏེ་འཇར་པན་མི་སེར་སྤེལ་བའི་དབང་བསྒྱུར་དང་བཙན་འཛུལ་བྱ་སྤྱོད་ཀྱིས་སྔོན་ཆད་ཉེ་འཁོར་རྒྱལ་ཁབ་དག་ལ་དཀའ་སྡུག་དང་གྱོང་གུད་ཆེན་པོ་བཟོས་པ་ཁས་ལེན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག