མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན། ཕཱ་ཁི་སི་ཐན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:14

ཞིན་ཧྭ་གསར་འགྱུར་ཁངགི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་ཡིས་སྤྱི་ཟླ4བའི་ཚེས24ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན། ཕཱ་ཁི་སི་ཐན་བཅས་ཀྱིས་ཉིན་དེར་པུའུ་ལུའུ་སེར་ནས་བསྡུས་པའི་ཕྱོགས་གསུམ་གྱི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར།

ཉིན་དེར་ཁི་ལི་ཡིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་དང་ཕཱ་ཁི་སི་ཐན་གྱི་སྐམ་དམག་གི་ཇུས་འདོན་དཔོན་པོ་ཅི་ཡཱ་ནེ་གཉིས་དང་མཉམ་དུ་བྱང་ཆིངས་རྩ་འཛུགས་ཀྱི་གཞུང་ཚབ་ཁང་དུ་ཡོད་པའི་ཨ་མེ་རི་ཁའི་སྡོད་གནས་ནས་ཕྱོགས་གསུམ་གྱི་གྲོས་མོལ་བྱས་ཏེ། ས་ཁུལ་གྱི་གནས་བབ་དང་ཨ་ཧྥུའུ་ཧན་རྒྱལ་ནང་གི་ཞི་བདེའི་འཕེལ་རིམ་ལ་གྲོས་བསྡུར་བྱས། དུས་ཚོད་གསུམ་དང་ཕྱེད་ཀའི་རིང་ལ་གྲོས་མོལ་བྱས་རྗེས། ཁི་ལི་ཡིས་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་ཏེ། ཐེངས་འདིའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པ་དང་། ཕྱོགས་སོ་སོས་ཐེངས་འདིའི་གྲོས་མོལ་རྗེས་སུ་བྱེ་བྲག་གི་བྱ་བ་རེ་འགའ་ཡོངས་འགྲུབ་བྱེད་དགོས་ཟེར།

ཁི་ལི་ཡིས་བསྟན་དོན། ཕྱོགས་སོ་སོས་མུ་མཐུད་དུ་ཆབ་སྲིད་དང་བདེ་འཇགས་ནད་ནས་གྲོས་མོལ་ཞིབ་ཏུ་བྱེད་པར་འཐད་པ་བྱུང་བར་མ་ཟད། རྒྱལ་ཁབ་རང་དང་ས་ཁུལ་གྱི་བརྟན་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་རྒྱུའི་ཚུལ་བསྟན་ཟེར། ཡིན་ན་ཡང་ཁོས་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་གསལ་བོར་མ་བཤད།

ཁཱ་ཨར་ཀྲ་དབྱེ་དང་ཅི་ཡཱ་ནེ། ཁི་ལི་བཅས་མཉམ་དུ་གྲོས་མོལ་མཇུག་སྒྲིལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཞུགས་ཀྱང་ཁོ་ཚོས་གཏམ་བཤད་མ་སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག