མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་ནས་འགས་གཏོར་དོན་རྐྱེན་ཐེངས་མང་བྱུང་སྟེ་མི80ལྷག་ལ་ཤི་རྨས་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས23ཉིན་གྱི་དགོང་མོ་ནས་ཚེས24ཉིན་བར། ཕཱ་ཁི་སི་ཐན་གྱི་ཞིང་ཆེན་གསུམ་ནས་ཉུང་མཐར་ཡང་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས8བྱུང་སྟེ། མི11རྐྱེན་ལམ་དུ་ཤོར་བ་དང་མི70ལྷག་ལ་རྨས་ཕོག་ཟེར།

ཚེས23ཉིན་གྱི་དགོང་མོ་ནས་བཟུང་། ཕཱ་ཁི་སི་ཐན་གྱི་ཁོས་ཏཱ་དང་ཁཱ་ལཱ་ཆི། པེ་ཧྲ་ཝ་སོགས་གྲོང་ཁྱེར་ནས་བསྟུད་མར་འགས་གཏོར་དོན་རྐྱེན་བྱུང་བ་དང་། ཚེས24ཉིན་གྱི་ཉིན་མོ་འགས་གཏོར་དོན་རྐྱེན་མུ་མཐུད་དུ་བྱུང་། ཆེས་མཇུག་མཐའི་འཇབ་རྒོལ་དོན་རྐྱེན་དེ་ཁོས་ཏཱ་གྲོང་ཁྱེར་གྱི་ཉེན་རྟོག་ཅུའུ་ཞིག་ནས་བྱུང་ཞིང་། ཐོབ་ཐང་གསལ་བོར་མི་ཤེས་པའི་འཇབ་རྒོལ་མཁན་གྱིས་ཚེས24ཉིན་འཕྲུལ་རྟ་ཞོན་ནས་ཉེན་རྟོག་ཅུའུ་དེར་ལག་འབོམ་འཕང་ནས་ཉེན་རྟོག་པ་མང་བོར་རྨས་སྐྱོན་ཕོག འཇབ་རྒོལ་མཁན་དེ་མྱུར་མོར་ཡུལ་དངོས་ནས་བྲོས་བ་རེད།

ཕཱ་ཁི་སི་ཐན་གྱིས་སྤྱི་ཟླ5བའི་ཚེས11ཉིན་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། དབྱེ་ཞིབ་མི་སྣས་བལྟས་ན། འགས་གཏོར་འཇབ་རྒོལ་དོན་རྐྱེན་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱས་ཏེ་འདེམ་བསྐོ་ཆེན་མོར་གནོད་པ་གཏོང་བའི་ཆེད་དུ་ཡིན་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག