མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ཏུ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི31རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཏུ་སྤྱི་ཟླ4བའི་ཚེས24ཡི་ཉིན་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི31རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག

དབྱེ་ཞིབ་མི་སྣས་བཤད་རྒྱུར། ཚེས24ཉིན་གྱི་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་རབས་དང་རིམ་པའི་ཁག་ཅིག་ནི་ཚེས23ཉིན་བདེ་འཇགས་དམག་དཔུང་དང་རྔམ་སྟོན་ཁྲོམ་སྐོར་མཁན་བར་འཁྲུག་རྩོད་བྱུང་བ་ལས་མི200ལྷག་ལ་ཤི་རྨས་བྱུང་བའི་དོན་རྐྱེན་ལ་འཁོན་ལན་སློག་པའི་བྱ་སྤྱོད་ཅིག་རེད་ཟེར།

ཚེས23ཉིན་དབྱི་རག་བདེ་འཇགས་དམག་དཔུང་དང་ཞོང་ནེ་ཕྱོགས་ཁག་གི་རྔམ་སྟོན་ཁྲོམ་སྐོར་མཁན་བར་པཱ་ཀ་ཏཱའི་བྱང་ངོས་སྤྱི་ལེ200ཡི་མཚམས་སུ་ཡོད་པའི་ཧཱ་ཝེ་ཅེ་ནས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི50རྐྱེན་ལམ་དུ་ཤོར་བ་དང་། མི150ལྷག་ལ་རྨས་ཕོག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག