མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལུའུ་ཧྲན་རྫོང་གི་ས་ཡོམ་གནས་ཚུལ་དང་གནོད་སྐྱོབ་ལས་དོན་ལ་དོར་ཁུར་ཆེན་པོ་བྱེད་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-25 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་བསྟུད་མར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སི་ཁྲོན་ཞིང་ཆེན་ལུའུ་ཧྲན་རྫོང་དུ་སྤྱི་ཟླ4བའི་ཚེས20ཉིན་རིམ་པ7ཡི་ས་ཡོམ་དྲག་པོ་བརྒྱབ་པའི་གནས་ཚུལ་དང་གནོད་སྐྱོབ་ལས་དོན་ལ་དོ་ཁུར་ཆེན་པོ་བྱས་ཡོད་པ་མ་ཟད། ཀྲུང་གོ་སྲིད་གཞུང་དང་དམངས་ཁྲོད་ཀྱི་གནོད་སྐྱོབ་ལས་དོན་ལ་གདེང་འཇོག་ཡག་པོ་བྱས་འདུག

ཨ་རིའི་ཤིའུ་སེ་ཏུན་དངོས་དོན་ཟིན་བྲིས་ཚགས་པར་ཞེས་པའི་ཐོག་གནས་ཚུལ་སྤེལ་ནས། ལུའུ་ཧྲན་དུ་ས་ཡོམ་བརྒྱབ་རྗེས་ཀྲུང་གོ་སྲིད་གཞུང་གིས་བཟུང་བའི་བྱ་སྤྱོད་ཐོག་ནས་ཀྲུང་གོའི་གནོད་སྐྱོབ་མྱུར་ཚད་སྔར་བས་ཇེ་མགྱོགས་སུ་ཕྱིན་པ་མ་ཟད་གནོད་སྐྱོབ་བྱ་ཐབས་ཁྱབ་ཚད་དེ་བས་རྒྱ་ཆེར་ཕྱིན་པ་མཚོན་ཐུབ་ཀྱི་ཡོད་ཅེས་འཁོད་འདུག

འཇར་མན་གྱི་ཧྥ་ལན་ཁེ་ཕུའི་སྙན་ཞུའི་ཚགས་པར་ཞེས་པའི་ཐོག་གནས་ཚུལ་སྤེལ་ནས། ཀྲུང་གོའི་གནོད་སྐྱོབ་མི་སྣར་ཝུན་ཁྲོན་ས་ཡོམ་ནང་ཉམས་མྱོང་ཆེན་པོ་ཐོབ་ནས། ཐེངས་འདིའི་གནོད་སྐྱོབ་ལས་དོན་གོ་རིམ་ལྡན་པ་བྱུང་ཡོད་ཅེས་འཁོད་འདུག ལྗར་པན་གྱི་ཉི་གཞོན་ཚགས་པར་ཞེས་པའི་ཐོག་གནས་ཚུལ་སྤེལ་ནས། ཐེངས་འདིའི་ས་ཡོམ་ནི་ལོ་ལྔའི་གོང་གི་ཝུན་ཁྲོན་ས་ཡོམ་ལས་གཞི་ཁྱོན་ཆུང་བ་ཡོད་ཀྱང་། ཀྲུང་གོ་སྲིད་གཞུང་གིས་ལམ་སེང་རིམ་པ་དང་པོའི་ལན་ཆའི་སྒྲིག་གཞི་འགོ་བཙུགས་ཡོད་པས། གནོད་འཚེ་ཕོག་ཁུལ་གྱི་གནོད་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅེས་འཁོད་འདུག

སིང་ག་ཕོར་གྱི་མཉམ་འབྲེལ་ཞོགས་པའི་ཚགས་པར་ཞེས་པའི་ཐོག་གནས་ཚུལ་སྤེལ་ནས། ཝུན་ཁྲོན་ས་ཡོམ་དང་། མཚོ་སྔོན་ཡུས་ཧྲུའུ་ས་ཡོམ་ཁྲོད་ཉམས་མྱོང་ཐོབ་ནས། ཀྲུང་གོའི་གནོད་སྐྱོབ་ལས་དོན་ཁྲོད་དེ་བས་ཆེད་ལས་ཅན་དང་། སེམས་རྣལ་དུ་ཕབ་པ། ཚོད་འཛིན་ཡག་པོ་ཐུབ་པའི་རྣམ་པ་ཆགས་འདུག་ཅེས་འཁོད་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག