མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཀེ་ནེ་ཡཱ་ཡིས་ཆབ་སྲིད་གྲོས་མོལ་སླར་གསོ་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་པར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་སྤྱི་ཟླ4བའི་ཚེས24ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཀེ་ནེ་ཡཱ་ཡིས་ཆབ་སྲིད་གྲོས་མོལ་སླར་གསོ་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་པར་དགའ་བསུ་ཞུས།

ཕན་ཅི་བུན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཀེ་ནེ་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག ཙུང་ཐུང་སྒར་ས་བཅས་ཀྱིས་ཚེས་ཉེར་གསུམ་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཀེ་ནེ་ཡཱའི་ཆབ་སྲིད་ཕྱོགས་ཁག་སོ་སོས་དྲག་ཤུགས་རྔམ་སྟོན་བྱ་འགུལ་སྤེལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཕྱོགས་ཁག་སོ་སོས་ཞི་བདེ་དང་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་ཆོད་སེམས་མཚོན་པར་བྱས། ཕན་ཅི་བུན་གྱིས་དོན་དེར་དགའ་སྤྲོའི་རྣམ་འགྱུར་བསྟན་པ་དང་། ཀེ་ནེ་ཡཱའི་ཙུང་ཐུང་ཨ་ཨར་ཧྥ་ཁུང་ཏའེ་ཡིས་ཚེས24ཉིན་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་རྒྱལ་སྤྱིའི་མཉམ་ལས་གྲོགས་པོའི་ཟབ་ཞུགས་འོག་མངོན་གསལ་དང་ཡིད་ཆེས་ལྡན་པའི་སྒོ་ནས་སྤེལ་འདོད་ཡོད་པའི་སྐོར་གྱི་གསལ་སྒྲོག་སྤེལ་བར་དགའ་བསུ་ཞུས།

ཕན་ཅི་བུན་གྱིས་ད་རུང་ཀེ་ནེ་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པས་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ། འདེམ་བསྐོའི་འཕེལ་རིམ་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱས་ཏེ། རྒྱལ་ཁབ་དེའི་ཞི་བདེ་དང་བརྟན་འཇགས་སྲུང་འཛིན་བྱེད་དགོས་པའི་སྐུལ་མ་བཏང་། ཕན་ཅི་བུན་གྱིས་བསྟན་དོན། ཁོས་ཆབ་སྲིད་གྲོས་མོལ་གྱིས་རྒྱལ་ཁབ་དེའི་ཞི་བདེ་དང་བརྟན་འཇགས་ལ་རྨང་གཞི་འདིང་བ་དང་འདེམ་བསྐོ་མྱུར་དུ་སྤེལ་བར་འགན་སྲུང་བྱེད་ཐུབ་པར་རེ་བས་ཁེངས་ཡོད་ཟེར། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཀེ་ནེ་ཡཱའི་འབྲེལ་ཡོད་ཕྱོགས་སོ་སོར་རྒྱབ་སྐྱོར་བྱེད་རྒྱུ་ཆོད་སེམས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག