མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱ་ཡིས་སི་རི་ཡཱའི་ཉམས་ཉེན་འདུམ་འགྲིག་བྱེད་པའི་ཆེད་མངག་ཕོ་ཉ་པུའུ་ལཱ་ཞེ་མུས་ཀྱིས་དབུས་གནས་ཀྱི་ལངས་ཕྱོགས་འཛིན་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཟླ4བའི་ཚེས24ཡི་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་ཆེད་མངག་ཕོ་ཉ་པུའུ་ལཱ་ཞེ་མུས་ཀྱི་དེའི་སྔོན་གྱི་འདུམ་འགྲིག་བྱ་བའི་ཁྲོད་ལངས་ཕྱོགས་དེ་འདྲའི་དབུས་གནས་མིན་ཡང་། སི་རི་ཡཱའི་སྲིད་གཞུང་གིས་སྔར་བཞིན་ཁོར་འབྲེལ་འདྲིས་གང་ལེགས་བྱས། ཡིན་ན་ཡང་ཁོ་རང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕོ་ཉ་ཡིན་པ་ཁས་ལེན་པ་ཙམ་ཡིན་ཟེར།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། སི་རི་ཡཱ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་པུའུ་ལཱ་ཞེ་མུས་དང་མཉམ་ལས་བྱེད་རྒྱུ་ཡིན་ཡང་། སྔོན་འགྲོའི་ཆ་རྐྱེན་ནི་ཁོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཡིན་པ་ཁས་ལེན་པ་ཙམ་ཡིན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་ནི་སི་རི་ཡཱ་ལ་དམིགས་པའི་གཡོ་ཇུས་ལག་བསྟར་བྱེད་མཁན་ཞིག་ཡིན་པས། ཁོས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ལས་འགན་མཚམས་བཞག་ན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ནུས་པའང་མཇུག་སྒྲིལ་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་ནན་གྱིས་བསྟན་དོན། སི་རི་ཡཱའི་ཕྱོགས་ཀྱིས་མུ་མཐུད་དུ་པུའུ་ལཱ་ཞེ་མུས་དང་མཉམ་ལས་བྱེད་རྒྱུ་ཡིན་ཡང་། པུའུ་ལཱ་ཞེ་མུས་ཀྱིས་ཀྱང་སྔར་ལས་དབུས་གནས་ཀྱི་ལངས་ཕྱོགས་འཛིན་དགོས། རྒྱུ་མཚན་ནི་ཁོས་དེའི་སྔོན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲད་པའི་སྙན་ཞུ་དེ་རྒྱལ་སྤྱིའི་འདུམ་འགྲིག་པ་ཞིག་ལ་ཡོད་དགོས་པའི་དབུས་གནས་ལངས་ཕྱོགས་དང་རིང་དུ་གྱེས་ཡོད་པར་མ་ཟད། སྙན་ཞུ་དེས་སི་རི་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་དོགས་པ་ཡང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག