མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུའི་ནང་ཨུ་རུ་སུ་དང་འབྲེལ་བའི་ནང་དོན་ལ་སྐྱོན་བརྗོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའི་དཔོན་རིགས་ཀྱིས་སྤྱི་ཟླ4བའི་ཚེས22ཉིན་ཨ་རིའི་རྒྱལ་དོན་ཁང་གིས་ཉིན་ཤས་གོང་སྤེལ་བའི་སྤྱི་ལོ2012ལོའི་རྒྱལ་ཁབ་གཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ་དང་ལྷག་དོན་དུ་སྙན་ཞུའི་ནང་ཨུ་རུ་སུ་དང་འབྲེལ་བའི་ནང་དོན་ཐད་སྐྱོན་བརྗོད་བྱས་པ་རེད།

ཨུ་རུ་སུའི་ཕྱི་འབྲེལ་པུའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཁྲིམས་སྐྱོང་གནད་དོན་བཅས་ཀྱི་འགན་འཁུར་མཁན་དབང་ཆ་ཆ་ཚང་ལྡན་པའི་འཐུས་ཚབ་ཏོ་ཀར་ཧྥུས་ཉིན་དེ་རང་དུ་ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་ཆེད་བརྗོད་སྤེལ་ནས། གོང་གསལ་སྙན་ཞུའི་སྐྱོན་ཆ་ཆེ་ཤོས་ནི། ཨ་རིས་ཡོངས་གྲགས་སུ་མི་ཆོས་རིག་གནས་དང་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞི་གང་བྱུང་དུ་སྤྱད་དེ་སོ་སོའི་ཆབ་སྲིད་ཁེ་ཕན་ལ་ཞབས་ཞུ་བྱེད་པ་དང་། བདམ་ག་ཡོད་པའི་སྒོ་ནས་སྤྱི་བགྲོས་རང་བཞིན་གྱི་དཔྱད་གདེང་བྱེད་པ་དང་ཚད་གཞི་ཉིས་བརྩེགས་ཁྱབ་སྤེལ་གང་ཐུབ་གཏོང་གི་ཡོད། མི་རྣམས་ནས་རྦད་དེ་བསམ་ཤེས་བྱེད་ཐབས་བྲལ་བ་ཞིག་ནི། སྙན་ཞུ་འཆར་ཟིན་བྱེད་མཁན་གྱིས་གཞི་འཛིན་ས་གང་རུང་ལ་གཞིགས་ཏེ་རྩོད་གཞི་ལྡན་པའི་ཕྱོགས་བསྡོམས་བྱས་པ་དེ་ཡིན་ནམ་ཞེས་བསྟན་འདུག

ཨ་རིའི་སྤྱི་ལོ2012ལོའི་རྒྱལ་ཁབ་གཞན་པའི་འགྲོ་བ་མིའི་ཐོབ་ཐང་སྙན་ཞུའི་ཨུ་རུ་སུ་དང་འབྲེལ་བའི་སྐོར་གླེང་སྐབས། ཏོ་ཀར་ཧྥུས་ཨ་རི་ཕྱོགས་ནས་ཨུ་རུ་སུའི་སྲིད་གཞུང་གིས་ཆབ་སྲིད་དང་ཁྲིམས་འཛིན་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུ་དང་། ཁྲིམས་སྲུང་ལས་ཁུངས་དང་ངལ་རྩོལ་བསྒྱུར་བཀོད་ལས་ཁུངས་བསྒྱུར་བཅོས། དེ་བཞིན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་བཅས་ཀྱི་ནང་ལས་ཀ་འབོར་ཆེན་བྱས་པར་སྣང་ཆུང་བྱས་པ་དེས། ཨུ་རུ་སུ་བློ་ཕམ་ཆེན་པོ་བྱུང་ཞེས་དང་། ཏོ་ཀར་ཧྥུས་ཨ་རིའི་གོང་གསལ་ཆབ་སྲིད་ངོ་བོ་ལྡན་པའི་མཚན་ཉིད་གོ་ལྡོག་བྱེད་པ་ལས། ཨ་རིས་སྔར་ནས་ཨུ་རུ་སུའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་མངོན་ཡོད། ཨུ་རུ་སུས་ཨ་རི་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལངས་ཕྱོགས་དྲང་བཞག་བྱེད་པའི་རེ་བ་བྱེད་པ་དང་སྦྲགས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་གྲོས་མཐུན་བྱུང་བའི་ཐུན་མོང་ངོས་འཛིན་ལ་གཞིགས་ཏེ། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག ཨ་རི་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ནང་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་རྩིས་ཡོད་ཅེས་བསྟན་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག