མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་གྱི་གྲུ་གཟིངས་མང་པོ་ཞིག་རང་རྒྱལ་གྱི་ཏའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་བྱེད་སྒོ་སྤེལ་བཞིན་ཡོད་པ་ཤེས་རྟོགས་བྱུང་།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རྒྱ་མཚོ་ཅུད་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ4བའི་ཚེས23ཉིན། ཀྲུང་གོའི་ཏའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་རྒྱུན་གཏན་སྐོར་ཞིབ་བྱེད་བཞིན་པའི་ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་རུ་ཁག་གི་གྲུ་གཟིངས་ཨང51དང23། 46བཅས་ཀྱིས་ལྗར་པན་གྱི་གྲུ་གཟིངས་མང་པོ་ཞིག་རང་རྒྱལ་གྱི་ཏའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་བྱེད་སྒོ་སྤེལ་བཞིན་ཡོད་པ་ཤེས་རྟོགས་ཐུབ་ཡོད། དེ་རྗེས། རྒྱལ་ཁབ་རྒྱ་མཚོ་ཅུད་ཀྱིས་འཕྲལ་མར་ཤར་རྒྱ་མཚོར་དུས་བཀག་ཐོག་ཁེ་དབང་སྲུང་སྐྱོང་གི་སྐོར་ཞིབ་ཁྲིམས་འཛིན་གྱི་ལས་འགན་སྒྲུབ་བཞིན་པའི་ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་རུ་ཁག་གི་གྲུ་གཟིངས་ཨང50དང15། 49། 66། 137བཅས་ཀྱིས་ཏའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་བསྐྱོད་ནས། ཀྲུང་གོའི་མཚོ་ཐོག་ལྟ་ཞིབ་གྲུ་གཟིངས་ཨང51དང23། 46བཅས་དང་འདུ་འཛོམས་བྱས་ཏེ། རུ་ཁག་ཁག་བཞིར་དབྱེ་ནས། ཕྱོགས་མི་འདྲ་བ་ནས་ལྗར་པན་གྱིས་བདག་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་ལྟ་ཞིབ་དཔང་ལེན་དང་ཁེ་དབང་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག