མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རན་གྱིས་ཨ་རིས་སི་རི་ཡའི་དུས་བབ་ཇེ་སྡུག་ཏུ་སོང་བར་འགན་འཁུར་དགོས་པའི་ངོས་འཛིན་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡར་འཚམས་འདྲིར་ཕེབས་པའི་དབྱི་རན་དབྱི་སི་ལན་གྲོས་ཚོགས་ཁང་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུ་ལུ་ཅེ་ཏེས་སྤྱི་ཟླ4བའི་ཚེས22ཉིན། ཨ་རི་དང་ཨ་རིའི་མནའ་གྲོགས་ནས་སི་རི་ཡའི་གདོང་ཐུག་དུས་བབ་ཇེ་སྡུག་ཏུ་སོང་བར་འགན་འཁུར་དགོས་ཞེས་གསུངས་འདུག

པུ་ལུ་ཅེ་ཏེས་ཉིན་དེ་རང་དུ་སི་རི་ཡའི་ཙུང་ཐུང་ཨ་ས་ཏེ་དང་མཇལ་འཇོམས་གནང་རྗེས་འཚོགས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཐོག ཨ་རི་དང་དེ་མིན་ས་ཁུལ་གྱི་མནའ་གྲོགས་དང་། དེ་བཞིན་ཨ་སྒོར་དུང་ཕྱུར10བཏང་ནས་མཚོན་ཆ་སྐྱེལ་མཁན་དང་། དྲག་ཆས་པར་སྦྱོང་བརྡར་བྱེད་མཁན་རྒྱལ་ཁབ་དེ་དག་ནས་སི་རི་ཡའི་མི་སེར་བསད་རྨས་བཟོས་པར་འགན་འཁུར་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ཁང་གི་འདྲི་རྩད་དང་ལེན་བྱེད་དགོས་ཞེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག