མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཁྱོན་ཡོངས་ནས་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་འགྲན་རྩོད་ལ་ཁ་གཏད་གཅོག་དགོས་པའི་རེ་འབོད་གནང་།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-24 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས22ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ཉིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྱོན་ཡོངས་ནས་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་གནད་དོན་ལས་བྱུང་བའི་འགྲན་རྩོད་ལ་ཁ་གཏད་གཅོག་དགོས་པའི་རེ་བ་ཡོད་ཅེས་བསྟན།

ཕན་ཅི་ཝུན་གྱིས་ད་ཆ་མི་རྣམས་རྒྱལ་ཁོངས་ལས་བརྒལ་རྒྱུར་ཚོད་འཛིན་བྱེད་མིན་གྱི་གནད་དོན་མ་ཡིན། གང་ལགས་ཞེ་ན་དེ་ནི་སྒྲུབ་མི་ཐུབ་པ་ཞིག་རེད། མིག་སྔའི་གནད་དོན་ནི། མི་འབོར་འགྲོ་རྒྱུགས་ཀྱི་ཁེ་ཕན་ཆེ་ཤོས་ཐོབ་པ་བྱེད་ཆེད། ཇི་ལྟར་བྱས་ཏེ་མི་འབོར་འགྲོ་རྒྱུགས་བྱེད་ཚུལ་དེ་རིགས་ལ་འཆར་གཞི་དང་སྲིད་ཇུས་བཟོ་རྒྱུ་དེ་ཡིན། ཡུལ་མི་གནས་སྤོ་བྱེད་ཡུལ་རྒྱལ་ཁབ་ནས་དེ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་མཐོ་རུ་གཏོང་བ་དང་། དཔལ་འབྱོར་འཕར་སྣོན་ཡོང་བ་བྱེད་པ་ལས། གནས་སྤོས་ཡུལ་མི་ཡོང་སའི་རྒྱལ་ཁབ་ནས་ལས་ཞུགས་མི་འདང་བ་སོགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་རྒྱུ་དེ་ཡིན་ཞེས་བསྟན་འདུག   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག