མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་ཀྱི་འགྲན་རྩོད་ཐག་གཅོད་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ4བའི་ཚེས22ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ལས་བྱུང་བའི་འགྲན་རྩོད་ཐག་གཅོད་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བན་གྱིས་ཉིན་དེར་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཞེ་དྲུག་པའི་སྟེང་བསྟན་དོན། གནས་སྤོར་སྡོད་དམངས་ནི་དེང་སྐབས་ཀྱི་འཛམ་གླིང་སྟེང་རྩོད་མེད་ཀྱི་དོན་དངོས་ཤིག་ཏུ་གྱུར་འདུག རྒྱལ་ནང་གི་འཁོར་རྒྱུག་མི་གྲངས་དང་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་གང་ཡིན་ཡང་། མི་དང་མིའི་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་འགྲོ་བ་དང་འཛམ་གླིང་ཡོངས་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཐུབ་ཟེར།

ཕན་ཅི་བུན་གྱིས་བསྟན་དོན། ད་ལྟ་མི་རྣམས་རྒྱལ་ཁོངས་བརྒལ་བའི་གནད་དོན་ལ་བཀག་འགོག་བྱེད་མིན་ལ་བསམ་བློ་གཏོང་བའི་དུས་མ་ཡིན། རྒྱུ་མཚན་ནི་དེ་ལ་བཀག་འགོག་བྱེད་ཐབས་མེད་པས་རེད། དེང་སྐབས་ཀྱི་གནད་དོན་ནི་འཁོར་རྒྱུག་མི་གྲངས་དེ་རིགས་ལ་འཆར་འགོད་དང་སྲིད་ཇུས་ཇི་ལྟར་གཏན་འབེབས་བྱས་ཏེ་ཕན་འབྲས་ཇེ་ཆེར་གཏོང་རྒྱུ་དེ་ཡིན། གནས་སྤོར་སྡོད་དམངས་འགྲོ་འདོད་སའི་རྒྱལ་ཁབ་ཀྱིས་དེ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་དང་། དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱེད་པ་དང་། གནས་སྤོར་སྡོད་དམངས་ཁ་བྲལ་སའི་རྒྱལ་ཁབ་ཀྱིས་ལས་ཞུགས་དཀའ་བའི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག