མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐབས་ལྔ་བའི་ལི་པུ་ཡཱའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་འགྲེམ་སྟོན་ཚོགས་འདུ་སྤེལ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན4ཡིན་པའི་སྐབས་ལྔ་བའི་ལི་པུ་ཡཱའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་འགྲེམ་སྟོན་ཚོགས་འདུ་སྤྱི་ཟླ4བའི་ཚེས22ཉིན་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ནས་སྤེལ་མགོ་བརྩམས་པ་དང་། རྒྱལ་ཁབ20ལྷག་ནས་ཡོང་བའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀུང་ཟི120ལྷག་སྐབས་འདིའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་འགྲེམ་སྟོན་ཚོགས་འདུར་ཞུགས།

འགྲེམ་སྟོན་ལ་ཞུགས་པའི་ཀུང་ཟི་དག་གིས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྔོག་འདོན་དང་། ཆེད་སྤྱོད་སྣུམ་འདྲེན་སྦུ་གུ། རྡོ་སྣུམ་ཐོན་སྐྱེད། རྡོ་སྣུམ་བཙོ་སྦྱངས། རྡོ་སྣུམ་རྫས་འགྱུར་བཟོ་ལས་སོགས་ཕྱོགས་སོ་སོའི་འབྲེལ་ཡོད་ཀྱི་ཐོན་རྫས་དང་ལག་རྩལ་གསར་བ་འགྲེམ་སྟོན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག