མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ཨ་མེ་རི་ཁའི་སྒོར་མོ་ཐེར་ཆེན1གི་དམག་ཆས་ཉོ་འཚོང་གྲོས་མཐུན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧཱ་ཀི་ཨར་དང་དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཡཱ་ཨ་ལུང་གཉིས་ཀྱིས་སྤྱི་ཟླ4བའི་ཚེས22ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་གཉིས་ཀྱིས་ཨ་མེ་རི་ཁས་དབྱི་སི་རལ་ལ་ཨ་མེ་རི་ཁའི་སྒོར་མོ་ཐེར་ཆེན1གི་རིན་ཐང་ལྡན་པའི་དམག་ཆས་འཚོང་བར་གྲོས་མཐུན་བཀོད་ཟེར།

ཧཱ་ཀི་ཨར་དང་ཡཱ་ཨ་ལུང་གིས་ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་ཐི་ལཱ་ཝེ་ཧྥུའུ་རུ་གནས་པའི་སྤྱི་ཁྱབ་པུའུ་ནས་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཕྱོགས་གཉིས་ཀྱིས་དམག་ཆས་ཉོ་འཚོང་གྲོས་མཐུན་གྱི་མཇུག་མཐའི་བྱེ་བྲག་གི་ནང་དོན་ལ་གྲོས་འཆམ་བྱུང་ཟེར། གྲོས་མཐུན་ལྟར་ན། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་དབྱི་སི་རལ་ལ་འཕྲོ་འགྱེད་ལ་རྒོལ་བའི་འཕུར་མདའ་དང་རྩེར་སོན་འཐབ་འཛིང་གནམ་གྲུའི་ལོས་ཏཱའི་མ་ལག པའོ་ཡུནKC-135རྟགས་ཅན་གྱི་བར་སྣང་སྣུམ་སྣོན་གནམ་གྲུ། V-22“མཚོ་གླག”རྟགས་ཅན་གྱི་གྱེན་འཕུར་སྐྱེལ་འདྲེན་གནམ་གྲུ་སོགས་སྔོན་ཐོན་དམག་ཆས་འཚོང་རྒྱུ་རེད།

ཧཱ་ཀི་ཨར་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དམག་ཆས་ཉོ་འཚོང་གྲོས་མཐུན་བཀོད་པ་ནི་ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་འགོག་སྲུང་འབྲེལ་བར་ཤུགས་སྣོན་པའི་གོམ་རིམ་གལ་ཆེན་ཞིག་ཡིན་པ་དང་། དབྱི་སི་རལ་གྱི་མ་འོངས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་གི་བར་སྣང་ཁྱད་སྟོབས་ལ་འགན་སྲུང་བྱ་ཐུབ་ཟེར། ཧཱ་ཀི་ཨར་གྱིས་ད་རུང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་དམག་དོན་མ་ཡིན་པའི་བྱེད་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་རེ་བ་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་བྱེད་ཐབས་གཞན་པ་མི་སྤྱོད་པས་ཁས་ལེན་བྱེད་དཀའ་ལ། དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ཡོད་པར་ཁས་ལེན་གཏན་ནས་བྱེད་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག