མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེའི་གྱེན་འཕུར་གནམ་གྲུ་ཞིག་ཨ་ཧྥུའུ་ཧན་དུ་མི་འབབ་ཐབས་མེད་བྱུང་ནས་མི11ཐཱ་ལེ་པན་གྱིས་བཙན་ཁྲིད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་སྤྱི་ཟླ4བའི་ཚེས22ཉིན་བདེན་དཔང་བྱས་དོན། ཐུར་ཁེའི་གནམ་གྲུ་ཞིག་ཚེས21ཉིན་ནམ་ཟླའི་དབང་གིས་ཐཱ་ལེ་པན་གྱིས་ཚོད་འཛིན་བྱེད་སའི་ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་མི་འབབ་ཐབས་མེད་བྱུང་བ་དང་། ཐཱ་ལེ་པན་གྱི་དྲག་ཆས་པས་གནམ་གྲུའི་སྟེང་གི་མི11པོ་ཚང་མ་མི་གཏའ་རུ་བཙན་ཁྲིད་བྱས། དེའི་ནང་ཐུར་ཁེའི་མི8ཡོད་ཟེར།

ས་དེའི་དཔོན་པོ་ཧཱ་མུས་ཏི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། དམངས་སྤྱོད་ཀྱི་གྱེན་འཕུར་གནམ་གྲུ་ཞིག་ཆར་རླུང་དྲག་པོའི་ནམ་ཟླའི་དབང་གིས་ཨ་ཧྥུའུ་ཧན་གྱི་ལོ་ཅཱ་ཨར་ཞིང་ཆེན་གྱི་སྡེ་བ་ཞིག་ཏུ་མི་འབབ་ཐབས་མེད་བྱུང་བ་དང་། ཐཱ་ལེ་པན་གྱི་དྲག་ཆས་མི་སྣས་གནམ་གྲུའི་སྟེང་གི་མི་ཚང་མ་བཙན་ཁྲིད་བྱས། བཙན་ཁྲིད་བྱས་པའི་མི11པོའི་གྲས་སུ་ཐུར་ཁེའི་མི8དང་། ཨ་ཧྥུའུ་ཧན་གྱི་ལོ་ཙཱ་བ1། རྒྱལ་ཁབ་གང་ཡིན་མིག་སྔར་གསལ་བོར་མི་ཤེས་པའི་གནམ་གྲུའི་ཁ་ལོ་བ2བཅས་ཡོད་ཟེར།

ལོ་ཅཱ་ཨར་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོས་བསྟན་དོན། དོན་རྐྱེན་བྱུང་རྗེས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་དོན་རྐྱེན་བྱུང་སར་མངག་སྟེ་ཐཱ་ལེ་པན་བར་འཁྲུག་རྩོད་བྱས་ཀྱང་། རོགས་སྐྱོར་མ་ཐོབ་པའི་དབང་གིས་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་། ཐཱ་ལེ་པན་གྱིས་གནམ་གྲུའི་སྟེང་ནས་ཨ་མེ་རི་ཁའི་མི་གཅིག་འཛིན་བཟུང་བྱས་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱིས་དོན་དེ་ཁས་ལེན་མ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག