མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི6རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་པེ་ཨར་ཀི་ལོ་ཏི་གྲོང་ཁྱེར་སྲིད་གཞུང་གིས་ཚེས22ཉིན་བཤད་རྒྱུར། གྲོང་ཁྱེར་དེའི་ལྟེ་གནས་ནས་ཉིན་དེར་མེ་མདས་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི6རྐྱེན་ལམ་དུ་ཤོར་ཟེར།

པེ་ཨར་ཀི་ལོ་ཏི་གྲོང་ཁྱེར་སྲིད་གཞུང་གི་སྤྱི་སྒྲོག་ལས་བཤད་རྒྱུར། ལག་དམར་གྱིས་ཐོག་མར་ཚོང་ཁང་ཞིག་གི་ནང་དུ་ཡོད་པའི་སྐུ་མགྲོན་རྣམས་ལ་མེ་མདས་བརྒྱབ་པ་དང་། དེར་མཐུད་དེ་སྲང་ལམ་དུ་ཡོད་པའི་མི་ལ་མེ་མདས་བརྒྱབ་རྗེས་རླངས་འཁོར་བསྐོར་ནས་བྲོས། དོན་རྐྱེན་དེ་ལས་མི5དེ་མ་ཐག་རྐྱེན་ལམ་དུ་ཤོར་བ་དང་། མི1གི་རྨས་སྐྱོན་ལྗིད་པས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ལོ་སོ་གཉིས་ཡིན་པའི་ས་དེའི་སྡོད་དམངས་ཞེ་ཨར་ཀའེ་པའོ་མཱ་ཙུའུ་ཨིན་དོགས་ཡོད་ཉེས་ཅན་དུ་ངོས་འཛིན་བྱས་པ་དང་། མིག་སྔར་ནུས་ཤུགས་གང་ཡོད་ཀྱིས་སྔོག་བཤེར་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག