མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་གློག་འཕྲིན་བཏང་ནས་ལུའུ་ཧྲན་ལ་ས་ཡོམ་བརྒྱབ་པར་འཚམས་འདྲི་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-23 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས20ཉིན་ནས21ཉིན་བར་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཁ་ཤས་ཀྱིས་ཁག་སོ་སོར་ཀྲུའུ་ཞི་ཞི་ཅིན་ཕིན་དང་ཙུང་ལི་ལི་ཁེ་ཆང་ལ་གློག་འཕྲིན་གཏོང་བའམ་ཡང་ན་ཕྱག་ཡིག་སྐུར་ནས། སི་ཁྲོན་ལུའུ་ཧྲན་དུ་ས་ཡོམ་བརྒྱབ་པར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་ཞུས་པ་དང་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་འདུག

ཝེ་ཐེ་ནམ་གུང་ཁྲང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུག་ཀྲུང་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་། ཙུང་ལི་རོན་ཅིན་ཡུང་། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲེང་ཞུང་བཅས་ཀྱིས་མཉམ་འབྲེལ་ཐོག ཀྲུང་གོའི་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱིས་གང་མགྱོགས་དཀའ་ངལ་སེལ་ནས་རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བ་སླར་གསོ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག

ལོ་སིའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལི་དང་། ཙུང་ལི་ཐུང་ཤིན་རྣམ་གཉིས་ཀྱིས་མཉམ་འབྲེལ་ཐོག་གློག་འཕྲིན་བཏང་ནས། ཀྲུང་གོའི་མི་དམངས་རྣམས་ཀྱིས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་། རང་བྱུང་གནོད་འཚེར་མགོ་མི་སྒུར་བའི་སྲོལ་རྒྱུན་དར་སྤེལ་བྱས་ཏེ་གང་མགྱོགས་ཁྱིམ་གཞི་བསྐྱར་འཛུགས་དང་། རྒྱུན་གཏན་གྱི་འཚོ་བ་སླར་གསོ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་འདུག

ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་གནང་བའི་ལའོ་འར་གྱིས་ཀྲུང་གོའི་ཏང་དང་། སྲིད་གཞུང་། སྤུན་ཟླ་ལྟ་བའི་ཀྲུང་གོ་མི་དམངས་བཅས་དང་། ལྷག་པར་དུ་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་སྙིང་དབུས་ནས་འཚམས་འདྲི་ཞུས་འདུག

གཞན་ཡང་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕིའོ་ཅིན་ཧུའེ་དང་། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ད་ལི། ཧྥ་རན་སིའི་ཙུང་ཐུང་ཨའོ་ལང་ཏེ། ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུའུ། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན། ཐེ་ལན་གྱི་ཙུང་ལི་དབྱིན་ལ། འཇར་མན་གྱི་ཙུང་ལི་མོ་ཁེར་སོགས་ཀྱིས་ཀྱང་ཁག་སོ་སོར་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་ཞུས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག