མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་ཨ་སྒོར་དུང་ཕྱུར1.23གྱི་རོགས་སྐྱོར་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-23 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས20ཉིན། སི་རི་ཡའི་གྲོགས་པོ་ཞེས་པའི་ཁོངས་གཏོགས་རྒྱལ་ཁབ་གཙོ་བོའི་གྲོས་ཚོགས་ཐུར་ཁེའི་དབྱི་སི་ཐན་པོར་འཚོགས་པ་དང་། ཨ་རིའི་རྒྱལ་དོན་བློན་ཆེན་ཁ་ལིས་གྲོས་ཚོགས་འཚོགས་ཚར་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་ཐོག ཨ་རིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་ཨ་སྒོར་དུང་ཕྱུར1.23གྱི་བསད་རྨས་རང་བཞིན་མིན་པའི་མཚོན་ཆ་རོགས་སྐྱོར་བྱ་རྒྱུ་ཡིན་པས་ཨ་རིས་རོགས་སྐྱོར་བྱས་པའི་རིན་ཐང་ཨ་སྒོར་དུང་ཕྱུར2.5ཟིན་རྒྱུ་རེད་ཅེས་དང་། ཁོང་གིས་དུས་མཚུངས་སུ་རྒྱལ་ཁབ་གཞན་དག་ནས་ཀྱང་དེ་དང་འདྲ་བའི་ཁས་ལེན་བྱ་རྒྱུར་སྐུལ་མ་བཏང་སྟེ་དེར་རྒྱལ་སྤྱིའི་རོགས་སྐྱོར་གྱི་སྤྱིའི་རིན་ཐང་ཨ་སྒོར་དུང་ཕྱུར10ཟིན་པ་བྱེད་དགོས་ཞེས་གསུངས་པ་དང་། ཁ་ལིས་ཚོགས་ཞུགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ནས་རྒྱལ་སྤྱིའི་དམག་དོན་རོགས་སྐྱོར་བྱེད་མཁན་ཚང་མས་རོགས་སྐྱོར་དངོས་པོ་སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་ཆེས་མཐོའི་དམག་དོན་ཨུ་ཡོན་ལྷན་ཁང་ལ་སྤྲོད་དགོས་པ་ལས་མཚོན་ཆ་འཇིགས་སྐུལ་པའི་ལག་ཏུ་མ་ཤོར་བ་བྱ་རྒྱུའི་ཐད་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད།

སི་རི་ཡའི་གྲོགས་པོ་ཞེས་པའི་ཁོངས་གཏོགས་རྒྱལ་ཁབ་ནང་སི་རི་ཡའི་ད་ལྟའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཨ་རི་དང་ཡོ་རོབ་གླིང་དང་ཨ་རབ་རྒྱལ་ཁབ་ཁག་ཅིག་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག