མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་དཔལ་འབྱོར་ཐད་ནས་རོགས་སྐྱོར་བྱེད་རྒྱུ་ལས་གོ་མཚོན་མཁོ་འདོན་བྱེད་རྩིས་མེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-04-23 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཀེར་འཚོགས་པའི་སི་རི་ཡའི་གྲོགས་པོ་ཞེས་པའི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་མཇུག་སྒྲིལ་རྗེས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཝེ་སི་ཐེ་ཝེ་ལེས་སྤྱི་ཟླ4བའི་ཚེས21ཉིན་མཚམས་སྦྱོར་ལས་རིགས་ལ། འཇར་མན་གྱིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་དཔལ་འབྱོར་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་མོད། འོན་ཀྱང་གོ་མཚོན་མཁོ་འདོན་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག

ཝེ་སི་ཐེ་ཝེ་ལེས་འཇར་མན་བརྙན་འཕྲིན་ལས་ཁུངས་དང་པོའི་ཆེད་འདྲི་དང་ལེན་གནང་སྐབས། སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་ཡོངས་བསྒྲགས་ཐོག་མུ་སི་ལིང་གི་ཐལ་སྐྱོད་པ་དང་འབྲེལ་ཐག་རིང་དུ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང་། དེ་ནི་ཁོ་ཚོ་དང་མཉམ་ལས་བྱེད་རྒྱུའི་རྨང་གཞིའི་ཆ་རྐྱེན་ཡིན། དེར་བརྟེན་འཇར་མན་གྱིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། འོན་ཀྱང་ཁོ་ཚོར་གོ་མཚོན་མཁོ་འདོན་བྱེད་མི་སྲིད་ཅེས་གསུངས་འདུག

ཝེ་སི་ཐེ་ཝེ་ལེས་སི་རི་ཡའི་ཆབ་སྲིད་གནས་བབ་རྙོག་དྲ་ཧ་ཅང་ཆེན་པོ་ཡིན། འཇར་མན་གྱིས་དཔལ་འབྱོར་དང་མ་རྩའི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། མིག་སྔར་འཇར་མན་ནི་དེའི་ཐད་རོགས་སྐྱོར་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ་དེ་ཡིན་ཞེས་ནན་བཏོན་གནང་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག