མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་གྱི་སློབ་གྲྭ་ཞིག་ཏུ་བུད་མེད་སློབ་མ30ལ་དུག་ཕོག་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས21ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཐཱ་ཧཱ་ཨར་ཞིང་ཆེན་གྱི་སློབ་གྲྭ་ཞིག་ཏུ་བུད་མེད་སློབ་མ30ལ་ཉིན་དེར་དུག་ཕོག་པ་དང་། མིག་སྔར་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་ཟེར།

ཐཱ་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པས་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཞིང་ཆེན་དེའི་སློབ་གྲྭ་ཞིག་གི་བུད་མེད་སློབ་མ30ལ་སྐྱུག་པ་དང་མགོ་ཡོམ་འཁོར་བ་སོགས་དུག་ཕོག་པའི་ནད་རྟགས་བྱུང་བ་དང་། མིག་སྔར་ཚང་མ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། གནས་སྐབས་སུ་ཚེ་སྲོག་གི་ཉེན་ཁ་མེད། ས་གནས་སྲིད་གཞུང་གིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། དུག་རླངས་ལ་བརྟེན་ནས་བསམ་བཞིན་དུ་བཟོས་པའི་བྱ་སྤྱོད་ཅིག་ཡིན་པར་དོགས་པ་ཟ་བཞིན་ཡོད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག