མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཀྲུང་གོའི་སི་ཁྲོན་གཡག་རྔའི་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བྱིས་པར་སེམས་ཁུར་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ཀྲུང་གོར་སྡོད་པའི་འཐུས་མི་མེད་ཅི་ལིན་གྱིས་སྤྱི་ཟླ4བའི་ཚེས21ཉིན་བསྟན་དོན། ཀྲུང་གོའི་སི་ཁྲོན་གཡག་རྔའི་ས་འགུལ་གྱི་གནོད་པ་ཐེབས་པའི་བྱིས་པའི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་མ་དངུལ་བསྡུས་ཏེ་གནོད་འཚེ་ཐེབས་སའི་བྱིས་པར་རོགས་སྐྱོར་བྱེད་རྩིས་ཡོད་ཟེར།

མེད་ཅི་ལིན་གྱིས་བཤད་རྒྱུར། ང་ཚོས་འཕྲལ་སྒྲུབ་གྲ་སྒྲིག་བཟང་བོ་བྱས་ཡོད་པ་དང་། དུས་ངེས་མེད་དུ་རོགས་རམ་བྱེད་རྒྱུ་ཡིན་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ས་དེའི་ལས་གཞིའི་མཉམ་ལས་གྲོགས་པོར་འབྲེལ་འདྲིས་དམ་པོ་བྱས་ཏེ། ས་འགུལ་ལས་བྱིས་པར་ཐེབས་པའི་གནས་ཚུལ་ལ་མྱུར་མོར་རྒྱུས་ལོན་བྱས། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཚེས21ཉིན་གྱི་ཕྱི་དྲོའི་དུས་ཚོད5ཡི་བར། སི་ཁྲོན་ལུའུ་ཧྲན་རྫོང་དུ་བྱུང་བའི་ཚད་རིམ7ཅན་གྱི་ས་འགུལ་ལས་མི208རྐྱེན་ལམ་དུ་ཤོར་བའམ་གར་སོང་མ་རྙེད། མི11826ལ་རྨས་ཕོག མི་ས་ཡ1.5ལྷག་ལ་གནོད་པ་ཐེབས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ190ལྷག་ཏུ་བྱ་བ་སྤེལ་བཞིན་ཡོད་པ་དང་། བྱིས་པའི་ཐེབས་རྩ་ཚོགས་པ་དེས་ཀྲུང་གོའི་སྲིད་གཞུང་བར་གྱི་མཉམ་ལས་ལས་གཞིའི་ནང་དོན་དེ་འཕྲོད་བསྟེན་དང་འཚོ་བཅུད། ཆུ་དང་ཁོར་ཡུག་གི་གཙང་སྦྲ། སློབ་གསོ། ཨེ་ཙི་ནད་ཀྱི་སྔོན་འགོག བྱིས་པའི་སྲུང་སྐྱོབ། སྤྱི་ཚོགས་སྲིད་ཇུས། དེ་མིན་བྲེལ་མྱུར་རོགས་སྐྱོར་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག