མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་སྒེར་གཉེར་ཁེ་ལས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེངས་གཉིས་ལ་ཕྱིར་སྣུར་བྱས་རྗེས་ཨ་མེ་རི་ཁའི་སྒེར་གཉེར་ཁེ་ལས་ཀོས་ཏའོ་ཚན་རིག་ཀུང་ཟིས་སྤྱི་ཟླ4བའི་ཚེས21ཉིན་ཨན་ཐཱ་རོས་སི་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིག་གཏོང་འཕེན་བྱས། ཐེངས་འདིའི་དམིགས་ཡུལ་ནི་གཙོ་བོ་ཨན་ཐཱ་རོས་སི་རྟགས་ཅན་གྱི་འབྲེལ་ཡོད་བྱེད་ནུས་ལ་ལྟ་ཞིབ་བྱེད་པའི་ཆེད་དུ་རེད།

ཨ་མེ་རི་ཁའི་མཁའ་འགྲུལ་ཅུའུ་ཡི་ཐད་གཏོང་བརྙན་རིས་ལས་གསལ་བ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ས་ཁུལ་གྱི་དུས་ཚོད་ཕྱི་དྲོའི་དུས་ཚོད་ལྔའི་ཡས་མས་སུ། ཨན་ཐཱ་རོས་སི་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཨ་མེ་རི་ཁའི་ཤར་ཕྱོགས་མཚོ་འགྲམ་གྱི་ཝ་ལེ་ཕུའུ་སི་གླིང་ཕྲན་དུ་ཡོད་པའི་ཨ་མེ་རི་ཁའི་མཁའ་འགྲུལ་ཅུའུ་ཡི་རྟེན་གཞི་ནས་བར་སྣང་དུ་གཏོང་འཕེན་བྱས་པ་དང་། ཧ་ལམ་སྐར་མ14འགོར་རྗེས། ཨ་མེ་རི་ཁའི་མཁའ་འགྲུལ་ཅུའུ་ཡིས་ཁྱབ་སྒྲོག་བྱས་དོན། ཨན་ཐཱ་རོས་སི་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྔོན་ནས་གཏན་འཁེལ་བྱས་པའི་འཕུར་ལམ་དུ་ཞུགས་པ་དང་། དེས་དྲུད་པའི་འཕུར་གྲུའི་དཔེ་དབྱིབས་དེ་བདེ་བླག་ངང་མེ་ཤུགས་འཕུར་མདའ་དང་ཁ་བྲལ་བ་རེད། མིག་སྔར་གནས་ཚུལ་ཚང་མ་རྒྱུན་ལྡན་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག