མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

2013ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན2ཡིན་པའི2013ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་སྤྱི་ཟླ4བའི་ཚེས21ཉིན་ཧིན་རྡུ་ཉི་ཞི་ཡཱའི་སི་ཧྲོས་ནས་གྲོལ། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཐུན་མོང་གསལ་སྒྲོག་སྤེལ་ཏེ། མུ་མཐུད་དུ་ཕྱོགས་མང་བོའི་ཉོ་ཚོང་མ་ལག་ལ་རྒྱབ་སྐྱོར་བྱེད་པ་དང་། འདྲ་མཉམ་དང་རྒྱུན་མཐུད་ཀྱི་འཕར་སྣོན་འབྱུང་བར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཐེངས་འདིའི་གྲོས་ཚོགས་ཀྱི་ཀྲུའུ་ཞི། ཧིན་རྡུ་ཉི་ཞི་ཡཱའི་ཉོ་ཚོང་པུའུ་ཀྲང་ཝེ་ཡཱ་བན་གྱིས་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཉིན་གཉིས་ཀྱི་གསང་བའི་གྲོས་ཚོགས་ནས་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་དགུ་བ་ད་ལོར་པཱ་ལི་གླིང་ཕྲན་ནས་བསྡུ་རྒྱུ་ཡིན་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་པཱ་ལི་གྲོས་ཚོགས་ཀྱི་གྲུབ་འབྲས་དེ་ཉོ་ཚོང་སྟབས་བདེ་ཅན་གྱི་གྲོས་མཐུན་དང་། ཞིང་ལས་དང་འཕེལ་རྒྱས་རྒྱུ་རྐྱེན་གྲོས་མཐུན། དེ་མིན་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སོགས་གྲོས་གཞིར་དམིགས་པར་འཐད་པ་བྱུང་ཡོད་ལ། གོང་གི་གྲོས་གཞིའི་ཐད་ཀྱི་གྲོས་མོལ་འཕེལ་རིམ་ལ་ཡར་སྐུལ་བྱེད་པ་དང་། ཆབ་སྲིད་ཀྱི་འདོད་བློ་མངོན་པར་བྱས་ཏེ། པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་དགུ་བའི་སྟེང་ནས་གྲོས་མཐུན་འབྱུང་དུ་འཇུག་རྒྱུའི་ཁས་ལེན་བྱས་ཡོད་ཟེར།

ཁོས་ད་རུང་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ད་ཡོད་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོར་ཡུག་ཐོན་རྫས་ཀྱི་ཁེབས་ཚད་དེ་ཞིང་ལས་ཁོར་ཡུག་ཐོན་རྫས་སུ་རྒྱ་བསྐྱེད་པར་དོ་སྣང་བྱེད་བཞིན་ཡོད་ཟེར།

ཐེངས་འདིའི་གྲོས་ཚོགས་ནས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁྱབ་ཁོངས་འོག་ཕྱོགས་མང་བོའི་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་བྱེད་པ། ལྷད་མེད་དཔལ་འབྱོར་གྱི་འཕར་སྣོན་ལ་ཡར་སྐུལ་བྱེད་པ། ཉོ་ཚོང་དམིགས་འབེན་མངོན་འགྱུར་བྱེད་པར་གནོད་པའི་གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་འདོད་བློ་དང་ཁས་ལེན་བསྐྱར་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག