མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་ཁྲའོ་ཞན་གྱིས་ཤར་ཕྱོགས་མཚོ་འགྲམ་དུ་འཕུར་མདའི་གཏོང་འཕེན་ལ་མཁོ་བའི་རླངས་འཁོར་གཉིས་བཀོད་སྒྲིག་བྱས་ཡོད་པ་ཤེས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་སྲིད་གཞུང་གི་གནས་ཚུལ་ཤེས་མཁན་གྱིས་སྤྱི་ཟླ4བའི་ཚེས21ཉིན་བཤད་རྒྱུར། ཁྲའོ་ཞན་གྱིས་ཤར་ཕྱོགས་མཚོ་འགྲམ་ས་ཁུལ་དུ་འཕུར་མདའི་གཏོང་འཕེན་ལ་མཁོ་བའི་རླངས་འཁོར་གཉིས་བཀོད་སྒྲིག་བྱས་ཡོད་ཟེར།

མི་སྣ་དེས་བསྟན་དོན། ཁྲའོ་ཞན་གྱིས་ཚེས16ཉིན་གྱི་རྗེས་སུ་ཞན་ཅིན་ལྷོ་ལམ་གྱི་མཚོ་འགྲམ་ས་ཁུལ་དུ་འཕུར་མདའི་གཏོང་འཕེན་ལ་མཁོ་བའི་རླངས་འཁོར་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་། མིག་སྔར་ཧན་གོའི་སྲིད་གཞུང་གིས་ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱེད་པར་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཡོད་ཟེར།

དེའི་སྔོན་ཁྲའོ་ཞན་གྱིས་ཤར་ཕྱོགས་མཚོ་འགྲམ་ས་ཁུལ་དུ་འཕུར་མདའི་གཏོང་འཕེན་ལ་མཁོ་བའི་རླངས་འཁོར7བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ཁར་རླངས་འཁོར2གསར་དུ་ཁ་སྣོན་བྱས་ཡོད། ཧན་གོ་དང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཚོད་དཔག་བྱས་ན། ཚེས25ཉིན་ནི་ཁྲའོ་ཞན་གྱི་དམག་འཛུགས་རྗེས་དྲན་ཉིན་མོ་ཡིན་པ་དང་། ཁྲའོ་ཞན་གྱིས་ཚེས25ཡི་སྔ་གཞུག་ཏུ་འཕུར་མདའ་གཏོང་འཕེན་བྱེད་ཀྱང་སྲིད་པས། མིག་སྔར་འཕུར་མདའི་གཏོང་འཕེན་རླངས་འཁོར་ཡོད་སའི་ཞན་ཅིན་ལྷོ་ལམ་དང་ཅང་ཡོན་ལམ་གྱི་ཡོན་ཧྲན་ས་ཁུལ་དུ་ལྟ་རྟོག་ནན་མོ་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག