མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་ནེ་ཀིའི་བློན་ཆེན་གསུམ་གྱིས་ཅིན་གོ་ལྷ་ཁང་དུ་མཇལ་ཕྱག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས21ཉིན་བར། འཇར་པན་གྱི་ད་ལྟའི་ནེ་ཀིའི་བློན་ཆེན་གསུམ་གྱིས་ཅིན་གོ་ལྷ་ཁང་དུ་མཇལ་ཕྱག་བྱས། ཁོ་ཚོ་ནི་སོ་སོར་དབུ་བཞུགས་བློན་ཆེན་གཞོན་པ་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མཱ་ཧྲིན་ཐེ་ལིང་དང་། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀུའུ་བོ་ཀོས་སི། འཇར་པན་གྱི་སྲིད་དོན་བློན་ཆེན་ཞིན་ཐིན་དབྱེ་ཞའོ་བཅས་རེད། དེ་ནི་ཨན་པའེ་ཅིན་སན་སྲིད་དབང་གི་ནེ་ཀིའི་ཁོངས་མིས་ཐོག་དང་པོར་ཅིན་གོ་ལྷ་ཁང་དུ་མཇལ་ཕྱག་བྱས་པ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཅིན་གོ་ལྷ་ཁང་གིས་སྤྱི་ཟླ4བའི་ཚེས21ཉིན་ནས་ཚེས23ཉིན་བར་རྒྱུན་ལྡན་གྱི་དཔྱིད་ཀའི་མཆོད་འབུལ་བྱ་འགུལ་ཆེན་མོ་སྤེལ་བཞིན་ཡོད་པ་དང་། འཇར་པན་གྱི་ཏང་ཁག་བརྒལ་བའི་རྒྱལ་དམངས་གྲོས་མིས་གྲུབ་པའི་ཚང་མས་མཉམ་དུ་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་ཅེས་པའི་གྲོས་མིའི་ཚོགས་པས་ཚེས23ཉིན་མཉམ་དུ་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་རྩིས་ཡོད་པ་རེད། གཟའ་འཁོར་གསུམ་གྱི་སྔོན་ལ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་སྐབས་ཐོག་དེར་ཅིན་གོ་ལྷ་ཁང་དུ་མཇལ་ཕྱག་མི་བྱེད་རྒྱུ་ཐག་བཅད་ཀྱང་། དབུ་བཞུགས་བློན་ཆེན་གྱི་མིང་ཐོག་ནས་མཆོད་རྫས་འབུལ་རྒྱུ་ཡིན། བྱ་སྤྱོད་དེ་ནི་ཀྲུང་གོ་དང་ཧན་གོའི་བར་གྱི་ཕྱི་ཕྱོགས་འབྲེལ་བར་བསམ་བློ་བཏང་བ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག