མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཏན་མག་གིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་རོགས་སྐྱོར་ཇུས་གཞི་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏན་མག་གི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་སྤྱི་ཟླ1པོའི་ཚེས29ཡི་ཉིན་མཉམ་འབྲེལ་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཏན་མག་གིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་རོགས་སྐྱོར་བྱེད་པའི་ཇུས་གཞི་ཞིབ་རྒྱས་ཁྱབ་སྒྲོག་བྱས།

ཏན་མག་གི་རྒྱལ་སྲུང་བློན་ཆེན་ཧེ་ཁི་ལུའུ་ཕུའུ་ཡིས་བཤད་རྒྱུར། མིག་སྔར་ཏན་མག་གི་དམག་མི650ཙམ་ཨ་ཧྥུའུ་ཧན་དུ་བཅའ་སྡོད་བྱས་ཡོད་པ་དང་། དེའི་ནང་དམག་མི་མང་ཤས་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་དུ་ཡོད། ཏན་མག་གིས2013ལོའི་ལོ་མཇུག་གི་སྔོན་ལ་དམག་མི400ཕྱིར་འཐེན་བྱེད་པ་དང་། 2014ལོའི་ལོ་མཇུག་གི་སྔོན་ལ་དེའི་འཕྲོའི་དམག་མི250ཕྱིར་འཐེན་བྱེད་རྒྱུའི་འཆར་གཞི་ཡོད། 2014ལོའི་རྗེས་སུ་ཏན་མག་གིས་དམག་དོན་བློ་འདོན་པ་དང་སྦྱོང་བརྡར་མི་སྣ་ཉུང་ཤས་སྡོད་དུ་བཅུག་སྟེ་ས་དེའི་བདེ་འཇགས་དམག་དཔུང་ལ་གསོ་སྦྱོང་བྱས་ནས་ཨ་ཧྥུའུ་ཧན་དུ་ཉེན་རྟོག་དཔུང་སྡེ་འཛུགས་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག