མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁོ་རེ་ཡ་གླིང་ཕྲན་ཕྱེ་མའི་འབྲེལ་ཡོད་ཕྱོགས་ཁག་ནས་བབ་བརླིང་དང་བཟོད་བསྲན་རྒྱུན་འཁྱོངས་བྱེད་དགོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-30 10:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ1པོའི་ཚེས28ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེ་ཡིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་དྲི་བར་ལན་བསྐྱོན་སྐབས། འབྲེལ་ཡོད་ཕྱོགས་ཁག་ནས་བབ་བརླིང་དང་བཟོད་བསྲན་རྒྱུན་འཁྱོངས་བྱས་ནས། ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་ཞི་བདེ་དང་བརྟན་ལྷིང་གི་གནས་བབ་ཧྲིལ་པོར་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་པའི་རེ་འབོད་གནང་ཡོད་པ་རེད།

གསར་འགོད་པ་ཞིག་གིས་གཟའ་འཁོར་གོང་མར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱང་ཁོ་རེ་ཡར་བཀག་སྡོམ་བྱེད་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱས་ཡོད། དེའི་ཐད་བྱང་ཁོ་རེ་ཡའི་འགོ་ཁྲིད་པས། མིག་སྔའི་དུས་བབ་ལ་གཞིགས་ནས་དོན་དངོས་རང་བཞིན་དང་སྟོབས་ཆེ་བའི་རྒྱལ་ཁབ་ཀྱི་བྱ་ཐབས་གལ་ཆེན་བཟུང་དགོས་པ་བསྟན་ཡོད། ཀྲུང་གོས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་གྱི་ཡོད་དམ་ཞེས་དྲིས་པར།

ཧུང་ལེས་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་གནད་དོན་རྙོག་འཛིང་ཆེན་པོ་ཡོད་པ་དང་། འབྲེལ་ཡོད་ཕྱོགས་ཁག་གིས་སྔར་བཞིན་སྐད་ཆ་ཤོད་རེས་བརྒྱུད་ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕན་ཚུན་བར་གྱི་འབྲེལ་བ་ལེགས་སུ་བཏང་ནས། ཨེ་ཤ་ཡའི་བྱང་ཤར་ས་ཁུལ་གྱི་ཡུན་རིང་བརྟན་ལྷིང་གི་བྱ་ཐབས་འཚོལ་ཞིབ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག