མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་ནས་ཀྲུང་གོའི་ཕྱོགས་དང་ཁ་ཕྱོགས་གཅིག་པའི་ཐོག་བསྐྱོད་རྒྱུའི་རེ་བ་གནང་།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-30 10:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ1པོའི་ཚེས28ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧོང་ལའེ་ཡིས་ལྗར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཀྲུང་གོའི་ཕྱོགས་དང་སྐད་ཆ་ཤོད་རེས་བྱ་རྒྱུའི་རེ་བ་ཡོད་ཅེས་པའི་སྐོར་ལ་ལན་བསྐྱོན་སྐབས་ལྗར་པན་དང་ཀྲུང་གོས་ཁ་ཕྱོགས་གཅིག་པའི་ཐོག་བསྐྱོད་དེ་བྱ་སྤྱོད་ངོ་མའི་ཐོག་ནས་དོན་དེའི་ཐད་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་དང་། ཁོང་གིས་ང་ཚོས་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་གྱི་འབྲེལ་ཡོད་རྣམ་འགྱུར་ཐད་དོ་སྣང་བྱུང་། ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་གཉིས་པོ་ནི་གལ་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོའི་སྲིད་གཞུང་གིས་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་པའི་བྱེད་ཕྱོགས་ལ་འགྱུར་བ་མེད། མིག་སྔའི་དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་རྒྱལ་ཁབ་ཀྱི་འགན་འཁྲི་དང་། ཆབ་སྲིད་ཀྱི་བློ་རིག ལོ་རྒྱུས་ཀྱི་འགན་འཁྲི་བཅས་མངོན་པ་བྱེད་དགོས་པ་དང་། ཀྲུང་གོ་དང་ལྗར་པན་བར་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་གྱི་རྨང་གཞིའི་ཐོག་མིག་སྔའི་མངོན་གསལ་དོད་པའི་དཀའ་ངལ་ཁྱད་བསད་བྱས་ནས་ཀྲུང་གོ་དང་ལྗར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག