མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དབུས་མའི་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་ལྟེ་གནས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ1པོའི་ཚེས29ཡི་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་ལྟེ་གནས་ཀྱིས་ས་ཁུལ་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས་པ་དང་། ལྟེ་གནས་དེས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་བར་གྱི་མཐུན་སྦྱོར་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱེད་པ་དང་། ཐུན་མོང་གི་སེམས་ཁུར་བྱེད་པའི་ས་ཁུལ་གྱི་གནད་དོན་ཐད་ནས་དེ་དག་ལ་རོགས་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེའི་སྔ་དྲོར་གསང་བའི་གྲོས་མོལ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་ལྟེ་གནས་ཀྱི་ཀྲུའུ་རིན་མུས་ལོ་སི་ལཱ་ཧྥུའུ་ཡན་ཆ་ཡི་བྱ་བའི་སྙན་ཞུ་ལ་ཉན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ཀྱི་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལྟེ་གནས་དེས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ས་ཁུལ་གྱི་རྩ་འཛུགས་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། རྒྱུན་མཐུད་འཕེལ་རྒྱས་སོགས་འགྲན་རྩོད་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་བྱེད་འདོད་ཡོད་པ་ནན་བཤད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག