མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ས་ཆ་ཉོ་ཚོང་དང་ཁྲིམས་ཀྱིས་ཐག་གཅོད་བྱེད་པའམ་ཡང་ན་དྲག་ཤུགས་སྤྱོད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་མེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-30 10:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོར་བཅའ་སྡོད་ལྗར་པན་གྱི་དེ་སྔའི་གཞུང་ཚབ་ཆེན་མོ་བ་ཏན་ཡུའེ་ཡུས་དབྱི་ལང་གིས་སྤྱི་ཚེས28ཉིན། ཏེའོ་ཡུས་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཐག་གཅོད་བྱེད་པ་དང་། ས་ཆ་ཉོ་ཚོང་བྱེད་པ། དྲག་ཤུགས་ལ་བརྟེན་པ་སོགས་བྱེད་སྟངས་མི་འདྲ་བ་དེ་གསུམ་པོ་སྤྱད་ན་འཚམས་པོ་མེད་ཅེས་བསྟན།

ཁོང་གིས་ཉིན་དེའི་ཕྱི་དྲོ་ལྗར་པན་དུ་ཕྱི་རྒྱལ་གྱི་གསར་འགོད་པའི་ཚོགས་པར་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བའི་སྐོར་ལ་གཏམ་བཤད་སྤེལ་སྐབས་ཕྱོགས་གཉིས་པོས་ཡག་ཤོས་བྱུང་ན་བཟོད་སྒོམ་བྱས་ནས། སྐད་ཆ་ཤོད་རེས་དང་། རྒྱ་མཚོའི་ཕྱི་རོལ་དུ་རོགས་སྐྱོབ་དང་ཉ་ལས་གྲོས་ཆོད་སོགས་ལ་གྲོས་མོལ་བྱས་ཏེ། ཉམས་ཉེན་གྱི་དོ་དམ་སྒྲིག་གཞི་འཛུགས་དགོས་ཞེས་བསྟན་པ་དང་། ཁོང་གིས་གཏམ་བཤད་སྤེལ་སྐབས་ལྗར་པན་དང་ཀྲུང་གོའི་འཐབ་ཇུས་གཉིས་ཕན་འབྲེལ་བར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་གནང་བ་དང་། ཁོང་གིས་འཐབ་ཇུས་གཉིས་ཕན་འབྲེལ་བ་ཞེས་པ་ནི་རང་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཚམས་པ་མ་ཟད། གྲོས་མོལ་བརྒྱུད་ཕ་རོལ་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཚམས་ཐུབ་པ་བྱ་རྒྱུར་ཟེར་གྱི་ཡོད། རྒྱལ་ཁབ་དང་རྒྱལ་ཁབ་བར་རང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཚམས་པའི་དུས་གཞི་ནས་མཉམ་ལས་བྱེད་ཐུབ།

ཁོང་གིས་ལྗར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་སྤྱི་ལོ1972ལོར་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་། ཞི་མཐུན་བྱུང་ན་རྒྱལ་ཁབ་གཉིས་པོར་ཕན་ཐོགས་ཡོད་པ་དང་། འཐབ་རྩོད་བྱས་ན་རྒྱལ་ཁབ་གཉིས་པོར་གནོད་འཚེ་བཟོ་སྲིད་ཅེས་པའི་རྩ་དོན་ནན་བཤད་བྱས་ཡོད་པས་ཕྱོགས་གཉིས་པོས་འགྲོ་ལམ་གཅིག་གདམ་ག་བྱས་ཆོག་པ་སྟེ། དེ་ནི་མཛའ་གྲོགས་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག