མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པར་ཙིར་གྱི་སྤྱི་བདེ་པུས་མེ་སྐྱོན་གྱི་རྐྱེན་ངལ་སེལ་རྒྱུ་ཛ་དྲག་ངང་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-30 10:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ1པོའི་ཚེས27ཉིན་པར་ཙིར་གྱི་ཧྲེང་མ་ལི་ཡ་གྲོང་ཁྱེར་གྱི་མཚན་མོའི་སྤྲོ་སྐྱིད་ཁང་ཞིག་ཏུ་ཤོག་སྦག་སྤར་བའི་རྐྱེན་གྱིས་ཐོག་ཁང་མེ་སྐྱོན་བྱུང་ནས། མི233རྐྱེན་ལམ་དུ་ཤོར་བ་དང་། མི106ལ་རྨས་སྐྱོན་ཕོག་པ་རེད། དོན་དེའི་ཐད་སྤྱི་བདེ་པུའི་མེ་ཟོན་ཅུད་ཀྱིས་སྤྱི་ཚེས28ཉིན། ས་གནས་ཁག་གི་སྤྱི་བདེའི་མེ་ཟོན་སྡེ་ཁག་གིས་མིག་སྔར་མེ་སྐྱོན་གྱི་རྐྱེན་ངན་སེལ་བ་དང་། གནས་ཚུལ་མི་ཐོན་པ་བྱེད་པ་ཞེས་པའི་དགུན་དཔྱིད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བའི་རྨང་གཞིའི་ཐོག་འཕྲལ་མར་སྤྱི་པའི་སྤྲོ་སྐྱིད་ཁང་དང་། ཁྲོམ་ར། མགྲོན་ཁང་སོགས་མི་སྣ་འདུ་འཛོམས་བྱེད་མང་སར་ཁྱོན་ཡོངས་ནས་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

སྤྱི་བདེ་པུའི་བླང་བྱར་གཞིགས་ན། བདེ་འཇགས་ཐོན་སྒོ་ཉུང་བ་དང་། བདེ་འཇགས་ཐོན་སྒོའི་འགྲོ་ལམ་བཀག་པ། འཛུགས་སྐྲུན་གྱི་མེ་ཟོན་སྒྲིག་བཀོད་ལ་གཏོར་སྐྱོན་ཆེན་པོ་ཕོག་པ་བཅས་ཀྱི་མི་སྣ་འདུ་འཛོམས་ཆེ་སས་ངེས་པར་དུ་ལེགས་བཅོས་བྱས་རྗེས་ཁེ་གཉེར་བྱེད་ཆོག་པ་དང་། དེ་ལྟར་མ་བྱས་ཚེ་མེ་ཟོན་སྡེ་ཁག་གིས་ཁྲིམས་ལྟར་སྒོ་ཐེལ་རྒྱག་རྒྱུ་དང་། སྒྲིག་ཁྲིམས་ལས་འགལ་བའི་སྒོ་ནས་འབར་སླ་བ་དང་འབར་ཐུབ་པའི་རྒྱན་སྤྲོས་རྒྱུ་ཆ་བེད་སྤྱད་ཚེ་མེ་ཟོན་སྡེ་ཁག་ནས་འཕྲལ་མར་མེད་པ་བཟོ་རྒྱུའི་སྐུལ་འདེད་གཏོང་རྒྱུ་དང་། ལེགས་བཅོས་བྱ་རྒྱུ་དང་ལེན་མ་བྱས་ཚེ་ཁྲིམས་ལྟར་ཁེ་གཉེར་བྱེད་མཚམས་འཇོག་པ་དང་། གནས་སྐབས་སྒོ་ཐེལ་རྒྱག་པ་སོགས་ཀྱི་བྱ་ཐབས་བཟུང་རྒྱུ་བཀོད་སྒྲིག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག