མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་དང་ཨ་རི་རྒྱལ་ཁབ་གཉིས་པོས་བྱང་ཁོ་རེ་ཡས་ཉིང་རྡུལ་ཚོད་ལྟ་མི་བྱེད་རྒྱུའི་རེ་འབོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-30 10:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་ཕྱི་འབྲེལ་པུའི་ཨེ་ཤ་ཡ་དང་རྒྱ་མཚོ་ཆེན་མོའི་གླིང་ཕྲན་ཅུད་ཀྱི་ཅུད་ཀྲང་ཧྲན་ཧྲན་ཅིན་ཧྥུས་སྤྱི་ཟླ1པོའི་ཚེས28ཉིན་འཚམས་འདྲིར་ཕེབས་པའི་ཨ་རིའི་བྱང་ཁོ་རེ་ཡའི་སྲིད་ཇུས་ཀྱི་དམིགས་བསལ་སྐུ་ཚབ་ཏེ་འོད་སེ་དང་གླེང་མོལ་གནང་ཡོད་པ་དང་། ཕྱོགས་གཉིས་པོས་བྱང་ཁོ་རེ་ཡས་ཉིང་རྡུལ་ཚོད་ལྟ་མི་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་རེད།

ཧྲན་ཧྲན་དང་ཏེ་འོད་སེ་རྣམ་གཉིས་ཀྱིས་གླེང་མོལ་ཁྲོད། བྱང་ཁོ་རེ་ཡས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་དང་། ལྗར་པན་དང་ཨ་རི་རྒྱལ་ཁབ་གཉིས་པོས་ལྷོ་ཁོ་རེ་ཡ་དང་། ཀྲུང་གོ ཨུ་རུ་སུ་སོགས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་ལས་བྱས་ནས་བྱང་ཁོ་རེ་ཡས་ཉིང་རྡུལ་ཚོད་ལྟ་བྱེད་པ་སོགས་ཀྱི་འཁྲུག་རྩོད་སློང་བའི་བྱ་སྤྱོད་མི་སྤེལ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་པ་བསྟན་ཡོད།

ཏེ་འོད་སེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྱང་ཁོ་རེ་ཡས་གདམ་ག་ཁ་གསལ་བྱེད་དགོས་པའི་རེ་འབོད་བྱེད་དགོས། གལ་ཏེ་བྱང་ཁོ་རེ་ཡས་བཙན་ཐབས་ཀྱིས་ཉིང་རྡུལ་ཚོད་ལྟ་བྱས་ན་ཨ་རི་དང་བྱང་ཁོ་རེ་ཡའི་སྐད་ཆ་ཤོད་རེས་སླར་གསོ་བྱེད་ཁག་པོ་རེད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག