མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་རྒྱལ་བོས་ཕཱ་ལེ་སི་ཐན་མི་རིགས་འགྲིག་མཐུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-29 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཚེས28ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་མེད་ཧྲ་ཨ་ལེ་ལ་ཐུག་འཕྲད་བྱེད་སྐབས་ཕཱ་ལེ་སི་ཐན་མི་རིགས་འགྲིག་མཐུན་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། མི་རིགས་འགྲིག་མཐུན་ནི་ཕཱ་ལེ་སི་ཐན་གྱི་མི་དམངས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཏེ། ཁྲིམས་མཐུན་ཁེ་དབང་དང་རེ་འདུན་མངོན་འགྱུར་བྱེད་པའི་རྨང་གཞི་ཡིན་པ་ནན་བཤད་བྱས།

ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་ལ་མཉམ་འབྲེལ་རྒྱལ་ཚོགས་ནས་ཁོངས་གཏོགས་རྒྱལ་ཁབ་མིན་པའི་ལྟ་ཞིབ་རྒྱལ་ཁབ་ཀྱི་གོ་གནས་ཐོབ་པ་ནི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་ཕན་སླར་གསོ་བྱེད་པ་དང་། ཁྱད་པར་དུ་རང་ཉིད་ཀྱི་མངའ་ཁོངས་སུ་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པའི་ལམ་དུ་བསྐྱོད་པའི་གོམ་རིམ་གལ་ཆེན་ཞིག་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག