མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་ཚོད་ལྟ་སོགས་དཀྲུགས་འཕེན་བྱ་འགུལ་སྤེལ་མི་རུང་བའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-29 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་ནེ་ཀིའི་མགྲིན་ཚབ་པ་ཅན་དབྱེ་ཝེ་ཡིས་ཚེས28ཉིན་ཏུང་ཅིན་ནས་བཤད་རྒྱུར། འཇར་པན་གྱིས་ཁྲའོ་ཞན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལག་བསྟར་ནན་མོ་བྱས་ཏེ། ཉིང་རྡུལ་ནུས་པའི་ཚོད་ལྟ་དང་བཅས་པའི་དཀྲུགས་འཕེན་བྱ་སྤྱོད་གང་རུང་སྤེལ་མི་རུང་བའི་སྐུལ་མ་བཏང་།

ཅན་དབྱེ་ཝེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་པན་གྱིས་ཨ་མེ་རི་ཁ་དང་ཧན་གོ། ཀྲུང་གོ། ཨུ་རུ་སི་སོགས་འབྲེལ་ཡོད་རྒྱལ་ཁབ་བར་མཉམ་ལས་བཟང་བོ་བྱས་ཏེ། མུ་མཐུད་དུ་ཁྲའོ་ཞན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པའི་རེ་བ་འདོན་རྒྱུ་ཡིན་ཟེར། འཇར་པན་གྱིས་ནམ་རྒྱུན་ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གསར་སྤེལ་བྱེད་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱུ་ཆ་འཚོལ་སྡུད་དང་འབྲེལ་ཡོད་གསང་འཕྲིན་ལ་དབྱེ་ཞིབ་བྱས་ཏེ། བྱེད་ཐབས་ནུས་ལྡན་སྤྱོད་པར་གྲ་སྒྲིག་བྱས་ཡོད་ཟེར།

ཅན་དབྱེ་ཝེ་ཡིས་ད་རུང་བསྟན་དོན། གལ་ཏེ་ཁྲའོ་ཞན་ཕྱོགས་ཀྱིས་ཉིང་རྡུལ་ནུས་པའི་ཚོད་ལྟ་བྱས་ན། འཇར་པན་ཕྱོགས་ཀྱིས་མྱུར་དུ་བདེ་འཇགས་འགན་སྲུང་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། འབྲེལ་ཡོད་ནེ་ཀིའི་བློན་ཆེན་གྱིས་འཐབ་ཇུས་ལ་གྲོས་མོལ་བྱས་ཏེ། མྱུར་མོར་མང་ཚོགས་ལ་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག