མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་སག་སི་ཐན་ཤར་ལྷོ་ས་ཁུལ་དུ་ཚད་རིམ6.6གི་ས་འགུལ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-29 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་སློབ་གསོ་དང་ཚན་རིག་པུའུ་ཡི་ཚན་རིག་ཨུ་ཡོན་ལྷན་ཁང་ས་འགུལ་ཚོད་ལྟའི་ཚན་ཆུང་གིས་ཚེས28ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧཱ་སག་སི་ཐན་ཤར་ལྷོ་ས་ཁུལ་དུ་ཚེས28ཉིན་གྱི་དགོང་མོར་ཚད་རིམ6.6གི་ས་འགུལ་བྱུང་བ་དང་། མིག་སྔར་ད་རུང་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་གནས་ཚུལ་བསྒྲགས་མེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ས་འགུལ་དེ་ས་དེའི་དགོང་མོའི་དུས་ཚོད10དང་སྐར་མ38སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཧཱ་སག་སི་ཐན་གྱི་གྲོང་ཁྱེར་ཆེན་པོ་ཨ་ལཱ་མུའུ་ཐུའུ་ཤར་ལྷོ་ཕྱོགས་ཀྱི་སྤྱི་ལེ230ཡི་མཚམས་སུ་བྱུང་བ་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ10ལྷག་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག