མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་གསལ་སྒྲོག་སྤེལ་ཏེ་པཱ་ཞིའི་མཚན་མོའི་སྤྲོ་སྐྱིད་ཁང་གི་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-29 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས27ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། པཱ་ཞིའི་མཚན་མོའི་སྤྲོ་སྐྱིད་ཁང་དུ་མེ་སྐྱོན་བྱུང་སྟེ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་ཡིད་སྐྱོ་བའི་བསམ་ཚུལ་བསྟན་པ།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་པཱ་ཞིའི་ལྷོ་ཕྱོགས་ཀྱི་ལི་ཨོ་ཀི་ལན་ཏི་ཀྲིག་གི་ཧྲིན་མཱ་ལེ་ཡཱ་གྲོང་ཁྱེར་གྱི་མཚན་མོའི་སྤྲོ་སྐྱིད་ཁང་ཞིག་ཏུ་ཚེས27ཉིན་གྱི་ཞོགས་པར་མེ་སྐྱོན་བྱུང་བའི་གནས་ཚུལ་ཤེས་རྗེས་ཡིད་སྐྱོ་བའི་བསམ་ཚུལ་བསྟན། སློབ་གྲྭ་ཆེན་མོ་བ་དང་བཅས་པངའི་ན་གཞོན་མང་བོ་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་བར་ཡིད་སྐྱོ་བའི་ཚུལ་བསྟན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། པཱ་ཞིའི་རྒྱལ་ཡོངས་ཀྱིས་མྱ་ངན་བྱེད་པའི་སྐབས་སུ། ཕན་ཅི་བུན་གྱིས་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་གཉེན་ཉེ་དང་གྲོགས་པོ། དེ་མིན་པཱ་ཞིའི་སྲིད་གཞུང་དང་མི་དམངས་བཅས་ལ་འཚམས་འདྲི་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག