མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱའི་གྲོས་ཁང་གླེང་སྟེགས་སྐབས་ཉེར་གཅིག་པའི་ལོ་ཚོགས་ཨུ་རུ་སི་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-29 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱའི་གྲོས་ཁང་གླེང་སྟེགས་སྐབས་ཉེར་གཅིག་པའི་ལོ་ཚོགས་ཚེས28ཉིན་ཨུ་རུ་སིའི་ཧྥུའུ་ལཱ་ཏིས་བོ་སི་ཐོ་ཁི་ནས་ཚོགས་མགོ་བརྩམས།

མཱ་ཐི་ཝེ་ཡན་ཁི་ཡིས་ཞུ་ཚིག་ཕུལ་སྐབས་བཤད་རྒྱུར། ཨེ་ཤ་ཡཱའི་གྲོས་ཁང་གླེང་སྟེགས་བཙུགས་ནས་ལོ20འགོར་བའི་རིང་ལ། རྒྱུན་ལྡན་མིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྒྱུད་པ་དང་། དེའི་ཤུགས་རྐྱེན་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ལ། གླེང་སྟེགས་དེའི་ཁྱབ་ཁོངས་འོག་གྲོས་བསྡུར་བྱེད་པ་ནི་འཛམ་གླིང་ཡོངས་དང་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ཡིན་ཟེར། ཁོ་མོས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཉིས་སྟོང་བཅུ་གཉིས་ལོར་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། འཕེལ་རྒྱས་བརྩོན་པ་དང་དར་རྒྱས་ལ་ཡར་སྐུལ་བྱས་ཏེ་ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་ཡར་སྐུལ་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ལ་ཤུགས་སྣོན་པ། ཡིད་གཏད་ཆོག་པའི་མཁོ་འདོན་མུ་འབྲེལ་ཆགས་སུ་འཇུག་པ། གསར་སྐྲུན་འཕར་སྣོན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དེ་གྲོས་གཞི་གཙོ་བོར་གཏན་འཁེལ་བྱས་པ་དང་། སྐབས་འདིའི་ལོ་ཚོགས་ནས་གོང་གི་གྲོས་གཞི་དེ་དག་གི་མཉམ་ལས་ཐད་ནུས་པ་གལ་ཆེན་འདོན་པར་ཤུགས་སྣོན་པར་རེ་བ་བཅངས་ཡོད་ཟེར།

ཨུ་རུ་སིའི་ཡོན་ཏུང་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་དབྱེ་ཧྲ་ཡེ་ཧྥུའུ་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་བསྐུར་བའི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས། ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་ཡིག་ནང་བཤད་རྒྱུར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་བར་གྱི་གྲོས་མོལ་དང་མཉམ་ལས་ཀྱིས་ས་ཁུལ་རང་གི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་བར་གྱི་ཕན་ཚུན་ཡིད་ཆེས་ལ་ཤུགས་སྣོན་པ་དང་། མཉམ་དུ་མདུན་དུ་ལྷགས་པའི་འགྲན་རྩོད་དང་འཇིགས་ཉེན་ཐག་གཅོད་བྱེད་པར་ཕན་པར་མ་ཟད། ས་ཁུལ་རང་གི་མི་གཞུང་བརྗེ་རེས་ལ་ཡར་སྐུལ་བྱས་ནས་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བར་ཕན་པ་ཡོད་ཟེར།

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ27ནས་ཡོང་བའི་འཐུས་མི350ལྷག་གྲོས་ཚོགས་ལ་ཞུགས། སྐབས་འདིའི་ལོ་ཚོགས་ཉིན4ལ་སྤེལ་རྒྱུ་ཡིན་པ་དང་། གཙོ་བོ་ས་ཁུལ་གྱི་བདེ་འཇགས་དང་དཔལ་འབྱོར་ཉོ་ཚོང་། ས་ཁོངས་མཉམ་ལས་སོགས་གྲོས་གཞི་ལ་གྲོས་བསྡུར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག