མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་དམག་གིས་མ་ལིའི་བྱང་རྒྱུད་ཀྱི་གྲོང་ཁྱེར་ཅི་ཏར་ལ་ཡོད་པའི་དྲག་ཆས་སྒྲིག་འཛུགས་ལ་མཁའ་ཐོག་འཇབ་རྒོལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-29 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློགའ་ཕྲིན་ལྟར། སྤྱི་ཟླ1པོའི་ཚེས27ཉིན་ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སིའི་དམག་གིས་ཉིན་དེ་རང་དུ་མ་ལིའི་བྱང་རྒྱུད་ཀྱི་གྲོང་ཁྱེར་གཙོ་བོ་ཅི་ཏར་ལ་ཡོད་པའི་དམག་སྒར་ཞིག་དང་། འཇིགས་སྐུལ་སྟོབས་ཤུགས་ཏེ་དབྱི་སི་ལན་སྲུང་སྐྱོབ་བྱེད་མཁན་ཞེས་པའི་འགོ་ཁྲིད་མི་སྣ་ཅ་ལིས་ཀྱི་སྡོད་ཁང་ལ་མཁའ་ཐོག་འཇབ་རྒོལ་བྱས་ཡོད་པ་རེད། གནས་ཚུལ་སྤེལ་བར། མིག་སྔར་ཅི་ཏར་གྲོང་ཁྱེར་དང་ཕྱི་ཕྱོགས་བར་ཁ་པར་འབྲེལ་གཏུག་ཆད་ཡོད་པ་རེད། ཅི་ཏར་ས་ཁུལ་ནི་དབྱི་སི་ལན་སྲུང་སྐྱོབ་བྱེད་མཁན་ཞེས་པའི་སྒར་ས་གཙོ་བོ་ཞིག་ཡིན་པ་རེད།

གཞན་ཡང་ཧྥ་རན་སི་དམག་གི་སྤྱི་ཁྱབ་དྲག་ཇུས་པུའི་མགྲིན་ཚབ་པ་ཧྲང་ཤའོ་དམག་དཔོན་པུ་ཁེ་ཧ་དེས་སྤྱི་ཟླ1པོའི་་ཚེས27ཉིན་ཧྥ་རན་སིའི་ཡོ་རོབ་གླིང་དང་པོ་རྟགས་ཅན་རླུང་འཕྲིན་ལས་ཁུངས་སུ། མ་ལི་དང་། ཆ་ཏེ། ནི་ཀྲེར་གྱི་དམག་མིས་མིག་སྔར་མ་ལིའི་བྱང་ཤར་རྒྱུད་ཀྱི་གྲོང་ཁྱེར་གཙོ་བོ་ཅ་ཨའོ་ལ་བཀོད་སྒྲིག་བྱེད་བཞིན་ཡོད་ཅེས་གསུངས་འདུག

སྤྱི་ཟླ1པོའི་་ཚེས26ཉིན་ཧྥ་རན་སིའི་རྒྱལ་སྲུང་པུས། ཧྥ་རན་སིའི་དམག་དང་མ་ལིའི་དམག་དཔུང་གིས་ཉིན་དེ་རང་དུ་པ་མ་ཁེའི་བྱང་ཤར་གྱི་སྤྱི་ལེ1200སར་གནས་པའི་ཅ་ཨའོ་ཚུར་བསླངས་ཡོད་པ་ཁྱབ་བསྒྲགས་བྱས་འདུག ཅ་ཨའོ་ནི་མ་ལིའི་ཐལ་བསྐྱོད་ཆོས་ལུགས་སྒྲིག་འཛུགས་དང་འཇིགས་སྐུལ་སྟོབས་ཤུགས་ཀྱི་སྒར་ས་གཙོ་བོའི་གྲས་ཤིག་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག