མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་ཡུལ་འཁྱར་བའི་གནས་བབ་ལ་རྟོག་ཞིབ་བྱེད་མཁན་ཚོགས་པས་ཡུལ་འཁྱར་བའི་སྒར་སར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-29 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ1པོའི་ཚེས27ཉིན་ལི་པ་ནོན་དུ་འཚམས་འདྲི་གནང་བཞིན་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེའི་ལས་རོགས། སི་རི་ཡའི་ཡུལ་འཁྱར་བའི་གནས་བབ་ལ་རྟོག་ཞིབ་བྱེད་མཁན་ཚོགས་པའི་ཚོགས་གཙོ་སད་ལི་ཧེས། སི་རི་ཡའི་ཉེ་འཁོར་རྒྱལ་ཁབ་ཀྱིས་སི་རི་ཡའི་ཡུལ་འཁྱར་བར་རོགས་རམ་མང་པོ་བྱས་ཡོད་ཀྱང་། ཡུལ་འཁྱར་བ་དེ་རྣམས་ཀྱི་གནས་ཚུལ་ད་དུང་ཡང་ཐབས་སྡུག་པོ་ཡོད་ཅེས་གསུངས་འདུག

སད་ལེ་ཧེས་སྣེ་ཁྲིད་གནང་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྟོག་ཞིབ་ཚོགས་པས་ཉིན་དེ་རང་དུ་ལི་པ་ནོན་གྱི་ཤར་རྒྱུད་ཀྱི་པེ་ཁ་ས་ཁུལ་ལ་ཡོད་པའི་སི་རི་ཡའི་ཡུལ་འཁྱར་བ་ཁག་གཅིག་སྡོད་ཁུལ་ལ་རྟོག་ཞིབ་གནང་བ་དང་། ཁོང་གིས་རྟོག་ཞིབ་ཚོགས་པས་གཙོ་བོ་རྒྱལ་ཁབ་དེ་རྣམས་ལ་ཡོད་པའི་ཡུལ་འཁྱར་བའི་སྡོད་ཁུལ་དངོས་སུ་བསྐྱོད་ནས་སི་རི་ཡའི་ཡུལ་འཁྱར་བའི་དགོས་མཁོའི་གནས་ཚུལ་ཤེས་རྟོགས་བྱས་ཏེ། འདི་ཟླའི་ཚེས30ཉིན་ཁེ་ཐེ་ཏེ་ཝར་སྐོང་འཚོགས་བྱེད་རྒྱུ་གཏན་འཁེལ་བྱུང་བའི་སི་རི་ཡར་ཞལ་འདེགས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་སྙན་ཞུ་འབུལ་ཆེད་ཡིན་ཞེས་གསུངས་འདུག

ཁོང་གིས་སི་རི་ཡའི་ཡུལ་འཁྱར་བར་རིགས་ཁག་གི་རོགས་རམ་འབོར་ཆེན་དགོས་ཀྱི་འདུག འོན་ཀྱང་སྡོད་ཁུལ་གནད་དོན་ནི་ཐོག་མར་ཐག་གཅོད་བྱེད་དགོས་ངེས་ཞིག་ཡིན་པ་དང་། དེ་རྗེས་འཕྲོད་བསྟེན་ཞབས་ཞུའི་གནད་དོན་རེད། མིག་སྔར་ད་དུང་ཡང་སློབ་ལོ་ཟིན་པའི་སི་རི་ཡའི་བྱིས་པ་ཁག་གཅིག་སློབ་གྲྭར་བསྐྱོད་ཐུབ་ཀྱི་མེད་ཅེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག