མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་དམག་ཕྱོགས་ཀྱིས་མཱ་ལིའི་ངོ་ལོག་དམག་དཔུང་གི་གྲོང་རྡལ་གཙོ་བོ་བདག་ཏུ་བཟུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-28 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མཱ་ལི་རྒྱལ་ཁབ་ཏུ་རྒྱལ་ཁབ་དེའི་སྲིད་གཞུང་དམག་དཔུང་ལ་རོགས་རམ་བྱས་ཏེ་འཐབ་འཁྲུག་བྱེད་པའི་ཧྥ་རན་སིའི་དམག་དཔུང་གིས་བཤད་རྒྱུར། ཁོ་ཚོས་ངོ་ལོག་དམག་དཔུང་གི་གྲོང་རྡལ་གཙོ་བོ་ཀའོ་ཨར་བདག་ཏུ་བཟུང་ཡོད་ཟེར།

ཧྥ་རན་སིའི་དམག་དཔུང་གིས་བསྟན་དོན། ཧྥ་རན་སིའི་དམིགས་བསལ་དམག་དཔུང་གིས་བར་སྣང་ནས་རོགས་སྐྱོར་བྱས་འོག ཀའོ་ཨར་གྱི་གནམ་གྲུ་ཐང་དང་ནེ་ཀྲིར་གཙང་བོ་བརྒལ་བའི་ཟམ་པ་གཙོ་བོ་ཞིག་འཕྲོག་ལེན་བྱས་ཟེར།

གལ་ཏེ་གནས་ཚུལ་དེར་བདེན་དཔང་ཐོབ་ན། དེ་ནི་མཱ་ལིའི་བྱང་ཕྱོགས་སུ་སྦས་སྐོང་བྱེད་ཅིང་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ངོ་ལོག་དམག་དཔུང་ལ་དམག་དོན་འགུལ་སྐྱོད་སྤེལ་ནས་གཟའ་འཁོར་གཉིས་འགོར་བའི་རིང་གི་ཆེས་ཆེ་བའི་རྒྱལ་ཁ་ཞིག་ཡིན་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག